|
སེམས་ད་པར་གྱུར་པས་དགའ་ལྡན་གྱི་གནས་ནས་འཕོས་ནས་དྲན་པ་དང་ཤེས་ བཞིན་དང་ལྡན་[༡]བཞིན་དུ་ཡུམ་གྱི་ལྷུམས་སུ་ཞུགས་པ་དེ་ཡང་བཅོམ་ལྡན་འདས་ བདག་གིས་ངོ་མཚར་རྨད་དུ་བྱུང་བའི་ཆོས་སུ་འཛིན་ལགས་སོ། །དེ་ལ་འདི་སྐད་ ཅེས་བྱ་སྟེ། གང་ཞིག་དགའ་ལྡན་གནས་འཕོས་ནས། །དྲན་ལྡན་ཤེས་ བཞིན་ལྡན་པར་ནི། །ཡུམ་གྱི་ལྷུམས་སུ་གཤིགས་པ་དང་། །ལྷུམས་གནས་དེ་ ལ་བདག་ཕྱག་འཚལ། །གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ བལྟམས་པར་གྱུར་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་འོད་ཀྱིས་གསལ་ བར་མཛད་པ་དང་ལྡན་པ་དེ་ཡང་བཅོམ་ལྡན་འདས་བདག་གིས་བྱང་ཆུབ་སེམས་ དཔའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་སུ་འཛིན་ལགས་སོ། །དེ་ལ་འདི་སྐད་ཅེས་ བྱ་སྟེ། གང་ཡང་བལྟམས་ཚེ་སྟོང་གསུམ་འདི། །འོད་ཀྱིས་གསལ་བར་མཛད་ ད་ང་ལྡན། །ཉི་མ་བྱེ་བ་མཚུངས་པ་ཡི། །བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ།། གང་ཡང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བལྟམས་མ་ཐག་ཏུ་གོམ་པ་ བདུན་དུ་གཤེགས་པ་འདི་ཡང་བདག་གིས་བྱང་ཆུབ་སེམས་ད་པའི་ངོ་མཚར་རྨད་ དུ་བྱུང་བའི་ཆོས་སུ་འཛིན་ཏོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བལྟམས་མ་ཐག་ ཏུ་གོམ་པ་བདུན། །པདྨ་ལ་ནི་གནས་པ་ད་ང་། །༐བན་གླང་[༢]རོལ་པ་ལྟར་ གཤེགས་པ། །གཽ་ཏ་མ་ལ་ཕྱག་འཚལ། །ཞེས་འཕགས་པ་ཐམས་ཅད་ཡོད་པར་ སྨྲ་བའི་ཆོས་རྨད་དུ་བྱུང་བ་ལས་འདོན་ཏོ། །དེ་ལྟར་ན་སྡེ་པ་བཅོ་བརྒྱད་ཀྱི་ གཞུང་ལས་ད་ང་པོ་སེམས་བསྐྱེད་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ ལ་ཕྱག་བྱ་བར་གྲུབ་པས་ཐྲེག་པ་ཆེན་པོ་སྡེ་པ་བཅོ་བརྒྱད་ཀྱི་ཁོངས་སུ་གཏོགས་པ་ ཡིན་པར་རིག་པར་བྱའོ། །ཅི་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་གྱི་ཁྱིམ་པ་ ཀུན་ལ་ཡང་[༢]རབ་ཏུ་བྱུང་བས་ཕྱག་བྱ་བ་ཡིན་ནམ་ཞེ་ན། མ་[༤]ཡིན་པར་བརྗོད་ གླ8---43བྱ་ * * * * * * * * * * * * * * * * * * * * * * * * * |