༅། །གཏམ་དཔེ་ཀ་ཕྲེང་མ། །

ཀ་ གདུང་ སྲིད་ ཇུས་ བཟང་ པོ་ ལས།

ཁང་ བཟང་ མི་ རིགས་ མཐུན་ སྒྲིལ་ བརྟན།

ཁ་ བསངས་ བྱ་ བ་ བསྒྲུབ་ པ་ སླ།

རྐུབ་ བཙུགས་ འཚིམ་ བུ་ རྒྱག་ པར་ སླ།

ག་བསྐྱོད་ ཕྱོགས་ ནས་ གཏམ་ རེ་ དགོས།

བྱས་ པའི་ ལས་ ལ་ རྗེས་ རེ་ དགོས།

ང་ རྒྱལ་ དབུ་ འཕངས་ དགུང་ ལས་ མཐོ།

ལག་ ལེན་ དགུན་ གྱི་ ཆར་ ལས་ དཀོན།

ཅ་ ཅོ་ མང་ ན་ འཁྲུག་ རྩོད་ མང་ །

ཟ་ རྒྱུ་ མང་ ན་ ན་ རྒྱུ་ མང་ །

ཆ་ ལུགས་ ཀེར་ ཀེར་ མ་ རབ་ པ།

ཟ་ སྟངས་ སྒུར་ སྒུར་ ཕག་ དང་ འདྲ།

ཇ་ ཐུག་ བསྐོལ་ སྟངས་ མ་ ཤེས་ པ།

ཞིང་ གྲོང་ བུ་ མོའི་ ཐབས་ སྡུག་ ཡིན།

ཉ་ མོ་ སྤུ་ མེད་ འཁྱུག་ བགྲོད་ མཁས།

མི་ རྒན་ ཤེས་ མེད་ ཤོ་ སྦག་ མཁས།

ཏ་ རེན་ རྒྱགས་ པའི་ ཞིམ་ ཟས་ ལས།

སྤྲང་ པོ་ ལྟོགས་ པའི་ ཇ་ རྩམ་ ཞིམ།

ཐ་ དམན་ བུ་ ལ་ རྒྱུ་ ནོར་ བསམ།

འབྱོར་ ལྡན་ བུ་ ལ་ དབང་ ཆ་ བསམ།

དལ་ དུས་ ཕྱག་ མཆོད་ མི་ འབུལ་ བར།

འུ་ ཐུག་ ལྷ་ འབོད་ ཀླུ་ འབོད་ རེད།

ན་ ཚ་ ཪྙིང་ པ་ བཅོས་ པར་ དཀའ།

ཏང་ སྲིད་ བཟང་ པོ་ བསྒྱུར་ བ་ དཀའ།

པ་ ར་ སྤེན་ པ་ ཤོ་ ཡི་ རྒྱན།

ཕྲ་ རྒྱས་ མཛེས་ མ་ མི་ ཡི་ རྒྱན།

བ་ བཟང་ འོ་ མའི་ བབས་ ལ་ ལྟོས།

རིགས་ བཟང་ མཁའ་ འགྲོའི་ གསུང་ ལ་ ཉོན།

མ་ གྲོས་ དོན་ ཆེན་ བསྒྲུབ་ པ་ དཀའ།

མ་ སོང་ གནས་ ལ་ སླེབས་ པ་ དཀའ།

རྩ་ དོན་ ལག་ འཁྱོལ་ མ་ གནང་ ན།

ཆག་ སྒོ་ ཡོང་ བའི་ ས་ བོན་ ཡིན།

ཚ་ འདྲི་ རྡུང་ རྡེག་ མ་ བཏང་ ན།

རང་ སྐྱོན་ ངོས་ ལེན་ ཞུ་ བ་ ཉུང་ །

ཛ་ ཛོར་ གཏམ་ ཪྙོག་ ཉུང་ ན་ དགའ།

བལྟ་ རྒྱ་ ཐོས་ རྒྱ་ མང་ ན་ དགའ།

ཝ་ མོ་ ཆུ་ ཡིས་ བཟི་ ན་ སྐད།

མི་ ནག་ ཆང་ གིས་ བཟི་ ན་ གཞས།

ཞྭ་ དང་ མགོ་ བོ་ མཐུན་ པ་ དགོས།

གཏམ་ དང་ དོན་ གཉིས་ མཚུངས་ པ་ དགོས།

ཟ་ ཉལ་ སྐྱིད་ འདོད་ ཤ་ ཡི་ འབུ།

མ་ བྱས་ སྐྱིད་ འདོད་ སྤྲང་ པོའི་ ལས།

འ་ ཆད་ འུ་ ཐུག་ ལྷ་ ལ་ དྲིས།

འུ་ ཐུག་ ལྷ་ ཡི་ འདྲེ་ ལ་ དྲིས།

ཡ་ རབ་ ཕྱག་ དང་ ཞེ་ ས་ མཁས།

མ་ རབ་ སྙིང་ དང་ གྲོད་ པ་ ཆེ།

ར་ ཤ་ ཟ་ དུས་ འཛུམ་ གྱིས་ ཁེངས།

ར་ རིན་ བསྡུ་ དུས་ རྩོད་ པས་ ཁེངས།

ལ་ ཀླུང་ མྱུལ་ བའི་ བླ་ རྫུན་ ལ།

ཡིད་ རྟོན་ བྱེད་ པ་ ལྐུགས་ པའི་ ཟླ།

ཤ་ མར་ འབྲུ་ སྣ་ འབེལ་ བ་ དེ།

ཚན་ རྩལ་ རིག་ པའི་ འབྲས་ བཟང་ ཡིན།

ས་ སྟེང་ མི་ ལ་ དྲན་ རྒྱུ་ མང།

ས་ འོག་ འབུ་ ལ་ ཉལ་ རྒྱུ་ མང།

ཧ་ ལམ་ རྫོགས་ དུས་ གྲོན་ ཆུང་ བསམས།

ཨ་ མ་ རྒས་ དུས་ དྲོ་ སྐྱིད་ བསམས།

(དོན་ གྲུབ་ ཀྱིས་ བསྡུ་ སྒྲིག་ བྱས)