༄༅། ། ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱི་ཞབས་བརྟན་

གསོལ་འདེབས།

བྲག་ཕུག་མཱ་ར་ཏི་ཀའི་གནས་མཆོག་ཏུ༔

འཆི་མེད་ཚེ་ཡི་རིག་འཛིན་སྒྲུབ་པ​འི་ཚེ༔

མགོན་པོ་ཚེ་དཔག་མེད་ཀྱིས་བྱིན་གྱིས་བརླབས༔

སྐྱེ་འཆི་མེད་པ་རྡོ་རྗེའི་ལུས་སུ་གྱུར༔

འཆི་མེད་པདྨ་འབྱུང་གནས་ལ་གསོལ་བ​་འདེབས༔

ཕྱོགས་དུས་རྒྱལ་བའི་ཡེ་ཤེས་སྒྱུ​་མའི་གར། །

བསམ་ཡས་ལུང་མང་ཚུལ་ཁྲིམས་བློ་གྲོས་ཉིད། །

སླར་ཡང་བྱོན་པའི་སྐྱེས་བུ་ལྷ་ཡི​་ཉི། །

གང་གི་ཐུགས་བསྐྱེད་ཕྲིན་ལས་འོད་སྟོང་གིས། ​།

སྙིགས་ལྔའི་མུན་སྟུག་གཞི་མེད་དབྱིངས་སུ་དེངས། །

ས་ཆེན་འདི་ཉིད་ཤཱཀྱའི་རིང་ལུགས་ཀྱིས། །

དཀར་འབྱམས་ཡུག་གཅིག་བསྒྱུར་བའི་​བྱིན་ནུས་དང་། །

སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཤིས་སྨོན​་སྩོལ། །

ཞེས་པ་འདི་ཉིད་མིང་རྐྱང་གིས་མཁན​་པོ་ཏེ་པ་ཞེས་ཀུན་ནས་འབོད་པ་དེས​་རིག་འཛིན་གྱི་རྒྱལ་པོ་པད་འབྱུང​་ཡབ་ཡུམ་ནས་འཆི་མེད་ཚེ་ཡི་རིག་འ​ཛིན་གྲུབ་པའི་གནས་མཆོག་བྲག་ཕུག་​མཱ་ར་ཏི་ཀའི་ཀེ་ཚང་དུ་ཨོ་རྒྱན་ཡ​བ་ཡུམ་ལ་གསོལ་བ་རྩེ་གཅིག་ཏུ་འདེ​བས་བཞིན་ཅི་དྲན་འཕྲལ་དུ་བྲིས་ནས​་སྨོན་ལམ་བཏབ་པ་སྟེ་བཀྲ་ཤིས་བདེ​་ལེགས་སུ་གྱུར་ཅིག་། བོད་རབ་བྱུང་བཅུ་བདུན་པའི་ས་བྱི​་ལོའི་ཟླ༢་པའི་ཚེ༡༡ འདས་ལོ་༢༥༥༢