གཡང་སྐྱིད་མ།༼དབྱངས་ཅན་མ༽

གཡང་སྐྱིད་མ།

གཡང་སྐྱིད་མ་ཟེར་བའི་བུ་མོ་ཞིག་གིས།

རང་གི་གླུ་ངག་ཁྱེར་ནས། མེས་པོའི་ཤེས་རིག་སྒྲོན་ནས།

ཆེས་མཐོ་བའི་མཚོ་བོད་མཐོ་སྒང་ནས།

ཆེས་དམའ་བའི་ཤར་ཕྱོགས་རྒྱ་མཚོའི་ཁར་ཐོན་བྱུང་།

གཡང་སྐྱིད་མ་ཟེར་བའི་བུ་མོ་ཞིག་གིས།

མེས་པོའི་སྲོལ་རྒྱུན་གྱི་དབྱངས་རྟ་གྱེར་ནས།

ཕ་མེས་མེས་པོ་ཚོའི་གུས་ལུགས་བཏེགས་ནས།

མི་ཚོགས་ཀྱི་རྨི་ལམ་ལའང་ཤོང་དཀའ་བའི་།

ཤར་ཕྱོགས་བརྙན་འཕྲིན་གྱི་འཕྲིན་ལམ་ལས།

པོ་ཏ་ལ་བརྗེད་ཐུབ་མེད་པའི་དྲན་གདུང་གི་གླུ་གཞས།

བརྙན་ངོས་ཀྱི་དར་ལྕོགས་དང་རླུང་རྟར་འགྲོགས་ནས།

འཛམ་གླིང་ཡོངས་ལ་བསྒྲགས་བྱུང་།

ད་ལྟ། འཛམ་གླིང་ཡོངས་ཀྱིས།

ཡ་ལ་བསོ། པོ་ཏ་ལ་ཁྱེད་རང་དྲན་ཞེས་དབྱངས་ལ་གྱེར་གྱིན་འདུག

གཡང་སྐྱིད་མ་ཟེར་བའི་བུ་མོ་ཞིག

མི་དུང་ཕྱུར་ཉི་ཤུའི་མིག་གིས་འཚོ་ས་དང་།

སེམས་ཀྱིས་སྙེག་སའི་གར་སྟེགས་ནས།

ད་ལོའི་དབྱར་གཞུང་གི་ཀྲུང་གོའི་རྨི་ལམ་གྱི་གླུ་གཞས་འགྲན་ཚོགས་ལས།

ཨང་རིམ་གཉིས་པའི་མིང་བྱང་ཏེ།

ཁོ་མོའི་སྙན་འཇེབས་ཀྱི་གླུ་ངག་དང་འགྲོགས་ནས།

འཇིག་རྟེན་ལ་བསྒྲེངས་བྱུང་།

ད་ལྟ་ཡོད་ཚད་ཀྱིས་གཡང་སྐྱིད་མ་བལྟས་ནས་ཡོད།

གཡང་སྐྱིད་མ་ཉན་ནས་ཡོད།

གཡང་སྐྱིད་མ་དང་འགྲོགས་ནས།

འཇིག་རྟེན་འདིའི་སྟེང་གི་ཆེས་ལྷིང་འཇགས་ཀྱི་ཡུལ་གྲུ་ཞིག

སེམས་ཀྱིས་འཚོལ་གྱིན་འདུག