གེ་སར་རྒྱལ་བོ།

བོད་ཀྱི་སྙན་སྒྲུང་རིང་མོ་གེ་སར་རྒྱལ་བོའི་སྒྲུང་འཛམ་གླིང་གཟུགས་མེད་

ཟིན་ཐོའི་གྲས་སུ་གདམས་རྗེས།

གཉན་པོ།

རྩ་ཐང་འདི་ཁྱེད་ཚང་གི་ལྷས་ར་ཡིན་ཟེར་ཞིང་།

གནམ་འོག་འདི་ཁྱེད་ཀྱིས་སྩལ་བའི་མངའ་ཐང་གཞན་ཞིག་ཡིན་ཟེར་དུས།

ངས་ནི་མིའི་རིགས་ཀྱི་གཏན་ཚིགས་ལྟར་ཤུགས་རིང་རེ་འཐེན་པ་ཡིན་མོད།

འཛམ་གླིང་གི་གཟུགས་མེད་ཟིན་ཐོ་རིང་མོའི་ནང་།

ཁྱེད་ནི་ཡི་གེའི་ངོས་ཀྱི་རླུང་བུ་ཁོ་ན་ཡིན་ནམ།

མིའི་སེམས་སུ་བབས་པའི་དཔའ་བོའི་སྣང་བརྙན་བྲག་ལས་སྲ་བ།

མིའི་ངག་ཏུ་བཞུར་བའི་གནའ་བོའི་གླེགས་བམ་མདོ་ལས་རིང་བ།

ཁྱེད་རང་སུས་ཀྱང་མ་ཤེས་པས་ཡིན་ནམ།

ཡང་ན་ལྗོངས་འདི་ནས་སྐྱ་མི་ཞིག་གི་འཇིགས་རྔམ་

མགོ་ནག་མི་ཡི་དཔུང་དུ་བྱོན་ནམ་ཀྱེ།

ང་ཚོ་དང་བརཐག་ཇི་ལྟར་རིང་ན།

དེ་ཡི་མཛེས་སྡུག་མཐོང་སླ་བ་ནི་འུ་ཚང་གི་མིག་ཟུང་ཡིན་མོད།

ཁྱེད་རང་ང་ཡི་ཉེ་སར་ལྷགས་པས།

ངས་ནི་ཁྱེད་རང་གང་ཞིག་ན་ཡོད་དམ་སྙམ་ཞིང་།

འུ་གཉིས་ཀྱི་བར་ཐག་ཅི་ཡིན་ནམ་བསམ་ཀྱིན།

གེ་སར་ཀྱི་ལྷ་བ་དེ་དག་ལ་ལན་ཞིག་འཚོལ་འདོད་ཡོད།

༢༠༠༩ ༡༡ ༢༨