ངས་ཁྱེད་ལ་མེ་ཏོག་འབུལ།



ལྷམ་ཀོག







ངས་ད་སྔའི་བར་དུ་མེ་ཏོག་ཅིག་ཀྱང་བཏོགས་མ་མྱོང་བས

འབུལ་བའི་སྟ་གོན་ཙམ་ཡང་ག་ལ་བྱས་མྱོང

འོན་ཀྱང་ཁ་སང་ཤེལ་སྒོའི་ངོས་སུ་མེ་ཏོག་ཅིག་གི་འདབ་མ་འཐོར་འོང

དེ་ནི་སྟོན་དུས་བསླེབས་པའི་རྐྱེན་ཡིན་པར་བཤད་དུ་རུང་ཡང

མེ་ཏོག་དེའི་འདབ་མ་གློ་རྡེག་ལ་ངའི་གྲྭ་ཤག་ལ་གཏད་པའི་ཚེ་ན

བདག་གིས་ལག་པ་ལ་ཕྱི་ནང་མེད་པའི་ངང་ནས

ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་ལྟ་བུའི་སྐྱེས་བུ་ཞིག་ག་ཤེད་དུ་ཕེབས་སོང་སྙམ་ནས

ཤོག་བུའི་མེ་ཏོག་ཅིག་གི་སྟེང་ལ་ཞིང་ཁམས་རྒྱ་མཚོའི་མོས་པ་བྱས་ཏེ

དཀོན་མཆོག་གི་མདུན་དུ་ཕུལ་ཡོད

དཀོན་མཆོག་གིས་ཞལ་ནག་རོག་གེར

ཁྱེད་ཅག་ལ་འབར་མདེལ་དང་འགས་གཏོར་གྱི་བསམ་པ་ཡེ་ནས་མེད་ཀྱང

ཤེས་རབ་ཀྱི་དམག་དཔུང་ཆུ་ལ་རྦབ་རྡོ་བསྒྲིལ་བ་ལྟ་བུ་ཡོད་རྐྱེན

མེ་ཏོག་འདི་ངས་དཀོན་མཆོག་གཞན་ཞིག་ལ་དབུལ་བར་བྱ་སྟེ

ངས་ཁྱེད་ཀྱི་ཀུན་སློང་རྣམ་དག་ཡིན་པ་ཚོར་འོང་གི་འདུག

སྤྱིར་མེ་ཏོག་འབུལ་མཁན་དག་ལ་ཡང་རློམ་རྐྱང་གཏན་ནས་མིན་ཏེ

རྒྱ་གར་བ་གནྔྷེ་ཟེར་བ་ཡང་མེ་ཏོག་འབུལ་མཁན་ཞིག་གིས་བསད་མྱོང་སྐད

དེ་ལྟའི་དཀོན་མཆོག་གི་ཚིག་ཐུབ་ཀྱི་གསུང་ངག་འདིས

ངས་མེ་ཏོག་གཅིག་ནས་གཉིས་ཡང་ན་གསུམ་ཕུལ་ན་འང

དཀོན་མཆོག་གི་མདུན་དུ་འབུལ་རྒྱུ་ཡིན