༄། ཆོས་དང་མཐུན་མིན་བརྗོད་པ་བཞུགས།叩拜不是弯下身体而是放下傲慢ཕྱག་འཚལ་ནི།ལུས་གུག་ཙམ་བྱེད་པ་མིན་གྱི།ང་རྒྱལ་སྤོང་བ་ཡིན་ནོ། །

念佛不是声音数目而是清凉心地མཚན་བརྗོད་པ་ནི།ངག་གྲངས་གསོག་པ་མིན་ཀྱི།སེམས་གཙང་མར་གཏོང་བ་ཡིན་ནོ། །

合掌不是并拢双手而是恭敬万有ཐལ་མོ་སྦྱར་བ་ནི།ལག་ཉིས་མཉམ་དུ་རུབ་པ་མིན་གྱི།ཡོད་ཚད་ལ་གུས་བཀུར་ཞུ་བ་ཡིན་ནོ། །

禅定不是长坐不起而是心外无物བསམ་གཏན་ནི།བསྡད་ནས་མི་ལངས་པ་མིན་གྱི།སེམས་ལས་ཕྱི་རོལ་དུ་ཆོས་མེད་པ་ཡིན་ནོ། །

欢喜不是颜面和乐而是心境舒展དགའ་བ་ནི།ངོ་ལ་འཛུམ་མདངས་ཙམ་མིན་གྱི།སྤྲོ་བ་འཕེལ་བས་ཡིད་ཡིན་ནོ། །

清修不是摒弃欲望而是心地无私སྒྲིབ་སྦྱོང་ནི།འདོད་སྲེད་སྐྱུར་བ་མིན་གྱི།སེམས་གཏིང་ལ་རང་འདོད་མེད་པ་ཡིན་ནོ། །

布施不是毫无保留而是爱心分享སྦྱིན་པ་ནི། སྤོང་དག་བྱེད་པ་མིན་གྱི།བྱམས་སེམས་མཉམ་སྤྱོད་བྱེད་པ་ཡིན་ནོ། །学佛不是学习知识而是践行无我སྒོམ་སྒྲུབ་ནི།ཤེས་བྱ་སློབ་པ་མིན་གྱི།བདག་མེད་ཉམས་སུ་ལེན་པ་ཡིན་ནོ། ། ཞེས་པའང་དྲྭ་ཐོག་ནས་མཐོང་བའི་རྒྱ་ཡིག་དེ་རྒྱ་རིགས་ཆོས་པ་ཚོའི་གོ་རྟོགས་འདི་ཙམ་མོ་ཞེས་གོ་ཆེད་དང་། ལར་བོད་ཡིག་ཐོག་ཆོས་དང་མཐུན་མིན་སྐོར་མང་ལ་དེར་གཟིགས་ན་གཞན་ལ་འགྲམ་ཆུ་སྡང་མི་དགོས་མོད། བོད་ཡིག་ལས་རྒྱ་ཡིག་མི་དགོངས་པ་དག་གིས་གོ་བསྡུར་ལ་དམིགས་ཏེ་བོད་ཡིག་ཏུ་བསྒྱུར་བ་པོ་ས་རའོ། མཚན་བྱང་ཡང་བདག་གིས་བཏགས་པའོ། །