ད་ནམ་གུང་ལ་ཐོན་འདུགལྷམ་ཀོགཕལ་ཆེར་དགོན་པ་འདི་ན་གཉིད་མེད་པའི་གྲྭ་བ་རེ་གཉིས་ཙམ་ལས་ཡོད་མི་སྲིད

མགོན་ཁང་གསེར་ཏོག་གིས་ཀྱང་གཉིད་གྲབས་བྱས་ཏེ

གསེར་མདོག་གི་འོད་ཟེར་ཡོངས་རྫོགས་བསྡུས་ནས

ད་ལྟ་ནག་རོག་གེར་འདུག་ཅིང

ནམ་རྒྱུན་གསེར་ཏོག་གི་འགྲམ་ན་མགོ་བོ་གཤོག་འོག་ལ་གཏོང་བའི་ཕུག་རོན་དག་ཀྱང

ནམ་གུང་གི་དུས་སུ་འུག་པའི་ཚོགས་ལ་སྐྲག་ཐག་ཆོད་པས་ཡིན་ནམ

ད་ལྟ་གཞི་ནས་མཐོང་རྒྱུ་དང་ཐོས་རྒྱུ་གང་ཡང་མི་འདུག

མགོ་བོ་གཤོག་འོག་ལ་བཅུག་ནས་དོགས་ཟོན་གྱིས་ག་ཞིག་ཏུ་འཚོ་ཡོད་ངེས་ཡིནལོ་འགའི་ཡར་སྔོན་ནས་བཟུང་ནམ་གུང་ལ་ཐོན་དུས་ངའི་རིག་པ་ཇེ་གསལ་རེད

སྒོ་ཞིག་རྡུང་ན་ཡང་དངངས་འདར་རྒྱག་ཅིང

རླུང་ཞིག་གཡུག་ན་འང་དོགས་པ་ཟ་བཞིན་ཡོད

དེ་ནི་གནས་ཚུལ་གཞན་མིན་ཏེ

ནམ་གུང་གི་དུས་སུ

སྒོ་དང་སྒེའུ་ཁུང་ལ་ཟྭ་བརྒྱབས་ཏེ་ཉལ་ན་ཡང

ངའི་གྲོགས་པོ་རེ་གཉིས་ལོ་འགའི་སྔོན་ནས་བཟུང་རྐུ་ལ་ཤོར་མྱོང་བས

ད་ལྟ་དགོན་པ་གོར་གོར་རོ་འདི་ནས་ཀྱང་སེམས་ཁ་བདེ་ཡི་མི་འདུགལྷག་པར་དུ་ན་ནིང་དང་ད་ལོའི་མཚམས་འདི་ནས་བཟུང

རིག་དངོས་སྲུང་སྐྱོབ་ཁྲོད་ཀྱི་དགོན་པ་འདི་རུ

ལྷ་སྐུ་རྩ་ཆེན་དང་རྩིས་ཆེན་གང་ཡོད་ཅི་ཡོད་ཁེག་ཐེག་སྒམ་ཆུང་དུ་བཅུག་ཟིན་ཡང

ཁག་ཐེག་སྒམ་ཆུང་ལ་འཇུག་ཐུབ་མེད་པའི་གློ་བ་དང་མཆིན་པ

གློ་རྡེག་ལ་འབོར་གྱིན་འདུག་པའི་གནས་ཚུལ་ཐོན་བཞིན་ཡོད་པས

ང་ནམ་གུང་ལ་ཐོན་དུས་རྣ་བ་ཀྲོང་ཀྲོང་གིས་བསྡད་ཡོདདགོན་པ་འདི་ནས་ད་ལྟའི་བར་དུ་ང་བསྡད་པ་ཡིན

ཕལ་ཆེར་ལོ་ངོ་ཉི་ཤུ་མ་ཟིན་ཙམ་འགོར་ཡོད་ཀྱང

སུ་ཞིག་གིས་སྡོད་གཟོ་མེད་པར་བཟོས་མྱོང་མེད་མོད

ད་ལྟའི་ཆར་འདིའི་ཕྱོགས་སུ་འང་འདང་ཤུགས་ཆེན་རྒྱག་དགོས་འདུག

སུ་ཞིག་གི་སྨྲ་སྒོ་ལ་ཚོད་འཛིན་མེད་ན

སུ་ཞིག་གི་རྩོམ་ཡིག་ལ་རང་དབང་ཤེད་ཆེ་ཚེ

ད་གཟོད་ཁྱེད་ལ་འབུ་མཆུ་རྣོན་ལྟ་བུའི་སྒོ་གསུམ་གྱི་ཁྲིམས་ཚ་བོ་ཞིག་བསླེབ་གྲབས་འདུགཡིན་ན་ཡང ནམ་གུང་གི་དུས་སུ

ང་ལ་འང་འདུག་རོགས་གཏན་ནས་མེད་པ་ཞིག་མ་ཡིན་ཏེ

གློག་སྡོང་རྩེ་རུ་བཏེགས་པའི་འཆར་ཤེལ་དེ་ཡང་ང་དང་ལྷན་དུ

མིག་ཟུང་ལ་ཟུམ་པ་མེད་པར་དགོན་པའི་དཀྱིལ་དུ་ཅེར་ནས་ཡོད