དཔལ་ལྷའི་དུས་ཆེན།



ཚིག བྱ་གཞུང་དབྱངས་བྷ།









༡ བརྩེ་འདང་གི་སྲས་མོ། དཔལ་ལྷ་མོ།

ཕྱི་ཐག་གི་བདག་མོ། དཔལ་ལྷ་མོ།

ཆུང་འདྲིས་སྙིང་གི་ཚེར་མ། སྐྱིད་ཆུའི་ལྷོ་ལ་བཞུགས་ཡོད།

ལོ་ལ་སྒུག་པའི་མཇལ་དུས། བཅུ་པའི་ཚེས་ཆེན་བཅོ་ལྔ།

﹙འཛོམས་པའི་སྐལ་བ་མེད་ཀྱང་། སྤྱན་གཅིག་གཟིགས་པ་གནང་དང་།﹚

ཨོ། སྐྱིད་་པའི་མ་ཡུམ་ལགས། ཨོ། མཛེས་པའི་བུ་མོ་ལགས།

དཔལ་ལྷ་གསོལ་བར་ཕེབས་དང་། བརྩེ་འདང་གླུ་ཡིས་མཆོད་ཡོང་།

གླིང་ཀ་གཏོང་ལ་ཕེབས་དང་། ཕྱི་ཐག་བྲོ་རུ་འཁྲབ་ཡོང་།



༢ བརྩེ་འདང་གི་སྲས་མོ། དཔལ་ལྷ་མོ།

ཕྱི་ཐག་གི་བདག་མོ། དཔལ་ལྷ་མོ།

ལོ་ཟླ་མཛུབ་མོས་བགྲང་ཡོད། དྲན་ཤིང་ཁོག་པར་སྦས་ཡོད།

ལོ་རེར་ཐེངས་རེ་མཇལ་དུས། མཐོང་ལམ་མཆི་མས་བསྒྲིབས་ཡོང་།

﹙འཛོམས་པའི་སྐལ་བ་མེད་ཀྱང་། སྤྱན་གཅིག་གཟིགས་པ་གནང་དང་།﹚

ཨོ། སྐྱིད་་པའི་མ་ཡུམ་ལགས། ཨོ། མཛེས་པའི་བུ་མོ་ལགས།

དཔལ་ལྷ་གསོལ་བར་ཕེབས་དང་། བརྩེ་འདང་གླུ་ཡིས་མཆོད་ཡོང་།

གླིང་ཀ་གཏོང་ལ་ཕེབས་དང་། ཕྱི་ཐག་བྲོ་རུ་འཁྲབ་ཡོང་།



༢༠༠༩ ༣ ༡༩ ལྷ་ས་ནས།