བོད་ཁམས་ཕྱོགས་ཀྱི་གླུ་ཚིག་འགའ་ཞིག



བསྟན་པ་ཡར་འཕེལ་གྱིས་བསྡུས།



༄༅། ། མགོ་ཝ་ཞྭ་མེ་ཏོག་སེར་ཅན་དེ། དུས་རྒྱུན་དུ་མགོ་འཕངས་མཐོ་བ་ཤོག གྲི་འགུ་ཟི་དར་གྱི་དཔའ་ལུང་ཅན། ཚེ་གཅིག་ལ་དགྲ་མགོ་ནོན་བ་ཤོག ལྷམ་ཆུང་བུ་ལ་འཇའ་ཆེན་གྱིས། ཚེ་གཅིག་ལ་ཡོབ་ཆེན་ནོན་བ་ཤོག

༄། བྱ་དཀར་དཀར་དུང་གི་སྐེ་ཟོ་ཅན། མཚོ་སྐོར་སྐོར་མ་བརྗེད་ཡིད་ལ་ཞོག ད་སྔ་བརྗེད་འདུག་མི་ཟེར་ཏེ། མཚོ་འདྲ་གིཉིས་ཐུག་ན་བརྗེད་རབས་ཡོད།

༄། དགའ་བཞིན་སྐྱིད་བཞིན་འགྲོ་མི་ཚོ། དགའ་ཡུན་སྐྱིད་ཡན་རིང་བ་ཤོག

༄། དགའ་མོ་སྐྱིད་ཟེར་ཟེར་གྱིས། སྡུག་པོ་ཡོང་བསམ་ཞེ་ལ་མེད།

༄། ས་སྐྱིད་པོ་གཅིག་དང་སྐྱིད་མོ་གཉིས། ས་སྐྱིད་པོ་རང་ལུལ་ལུང་པ་རེད།

༄། སྒང་རིར་སྒང་དེ་རྩི་ཐོག་སྒང༌། རྩི་ཐོག་སྒང་ལ་ལུག་བརྒྱ་འཛོམས། དུས་ད་ལོ་ལུག་བརྒྱ་འཛོམས་ས་ལ། སང་ཕ་ལམ་ལུག་ཆུང་བརྒྱ་འཛོམས་ཤོག ཤོང་རིང་ཤོང་དེ་ནོར་མ་ཤོང༌། ནོར་མ་ཤོང་ལ་ནོར་མ་ཤོང་ལ་འབྲི་བརྒྱ་འཛོམས། དུས་ད་ལོ་འབྲི་བརྒྱ་འཛོམས་ས་ལ། སང་ཕ་ལམ་བེའུ་ཆང་བརྒྱ་འཛོམས་ཤོག ཐང་རིང་ཐང་དེ་འཁན་དཀར་ཐང༌། འཁན་དཀར་ཐང་ལ་རྟ་བརྒྱ་འཛོམས། དུས་ད་ལོ་རྟ་བརྒྱ་འཛོམས་ས་ལ། སང་ཕ་ལམ་རྟེའུ་ཆུང་བརྒྱ་འཛོམས་ཤོག

༄། བྲག་དཀར་འཛོམ་གཟིམ་པའི་ལྷ་ཁང་ལ། རྒོད་ཐང་དཀར་མར་རྒྱན་རྒྱག་འདྲ་ཡོད། མར་རྒྱན་ཉི་མས་མི་ཞུ་ལེ། ལུས་གཤོག་དྲུག་ཡུ་བ་རྒྱག་འདྲ་ཡོད།

༄། གླུ་ཁྱེད་ཀྱིས་བླངས་དང་ང་ཡིས་ལེན། ངག་འགྲིག་པོ་བྱུང་ན་མཉམ་ལེན་བྱེད། རྟ་ཁྱེད་ཀྱིས་རྒྱུག་དང་ང་ཡིས་རྒྱུག རྡོག་འགྲིག་པོ་བྱུང་ན་མཉམ་རྒྱུག་བྱེད།