མཛའ་གླུ།



ཚེར་མ་ཁེར་སྐྱེས།



འཇིག་རྟེན་གནམ་གྱི་འོག་ན

མིག་གིས་ལྟ་ཕྱོགས་མིན་ན

ཁྱོད་ལས་མཛེས་པ་མི་འདུག

དམར་ཆུང་སྙིང་གི་དཀྱིལ་ལ

མཛའ་བའི་མེ་ཏོག་བཞད་སོང

འདབ་མ་རྙིད་པ་མེད་ན

བཀྲག་མདངས་ཡལ་བ་ཅི་ཡོད

ཞེ་མཐུན་སྒྲོལ་དཀར་ལྷ་མོ

ང་ལ་གནང་བ་ཡོད་ན

མགོན་བདག་གནམ་གྱི་རྒྱལ་མོའི

ཤེས་རབ་སྤྱན་མིག་གན་རེད

བརྩེ་བའི་ཕྱག་སོར་རྩེ་ལ

བདེན་པའི་འོད་ཅིག་འཚེར་འདུག



སེམས་ཀྱི་འགྲུལ་བཞུད་ཐེངས་གཅིག

མཚན་ཐུན་རྨི་ལམ་རིང་མོ

བུ་མོ་ཁྱོད་ལ་འགྲོགས་ཡོད

སེམས་ཀྱི་བར་སྟོང་ཞིག་ལ

དུངས་པའི་འདང་ཞིག་ལྷག་འདུག

མི་ཁ་གཏམ་གྱི་བར་ཆད

དུས་དང་རླུང་བུས་མ་གཙེ

ཚེ་གྲོགས་དགའ་བའི་བྱམས་པ

ང་ལ་འཐོབ་པ་ཡོད་ན

ཕྱིར་དྲན་སེམས་ཀྱི་རི་མོ

མི་བརྗེད་བསྐལ་བའི་དྲན་ཤིང

འཛུམ་ཆུང་གོར་མོའི་དཀྱིལ་དུ

གཏན་གྱི་དགའ་བ་འཁྱིལ་འདུག



སེམས་འདུན་ཁྱོད་ལ་ཕུལ་འདོད།

མཛའ་བའི་མིག་ཞགས་རིང་མོ

བུ་མོ་ཁྱོད་ལ་གཏད་ཡོད

རྨི་ལམ་སྟོང་གི་བདག་མོ

ང་ལ་གནང་བ་ཨེ་ཡོད

དུས་བཞི་ཁོར་མོ་ཡུག་ཏུ

དྲན་པ་མིག་ལ་འཆར་ན

གོམ་པའི་འདེགས་འཇོག་འཁྱོར་འགྲོ

སྐྲ་ལོའི་འདབ་ཁ་རལ་སོང

ཁྱིམ་རྟེན་ཆུང་མ་ཞིག་གི

སེམས་འདུན་ཁྱོད་ལ་ཕུལ་འདོད



དགའ་བ་སེམས་ཀྱིས་གཏད་སོ

མི་འགྱུར་བྲག་གི་རིས་ཡིན

བརྩེ་བ་སྟོང་གི་བདག་མོ

ཕུགས་འདུན་གང་ལ་འཐིམ་སོང

དགའ་འཛུམ་རླུང་གིས་གཏོར་ན

སྐྱོ་བ་ལས་ཀྱིས་བཞག་འགྲོ

བརྩེ་བའི་བཞུར་རྒྱུན་ཆད་ན

དུངས་པའི་ལས་བསྐལ་འཕྲོག་སོང

རྨི་ལམ་གཙང་མ་ཞིག་གི སེམས་འདུན་ཁྱོད་ལ་འཕུལ་འདོད