ཞོགས་ལྗང་གིས་བྲིས་པའི་གླུ་ཚིག་གསར་བ།

བྱ་རྒོད་པོ (གླུ་ཚིག)

ཞོགས་ལྗང་།

བྱ་རྒོད་པོ རང་དབང་ངང་ལྡིང་སྐོར་རྒྱག་པའི་བྱ་རྒོད་པོགཡང་གཟར་གྱི་བྲག་ཐེམ་ལས་འཕུར་སོང ཁྲག་གིས་ཕབ་པའི་སྡེར་ཤུལ་དུ ཁེར་རྐྱང་གི་རླུང་བུ་ཤུགས་ཀྱིས་ལྡང བྱ་རྒོད་པོ བྱ་རྒོད་པོཁྱེད་ནི་མཐོ་སྒང་གི་རི་ཀླུང་ཆེད་དུ་འཕུར་བྱུང ཁྱེད་ནི་ཚེ་སྲོག་གི་བདེན་པའི་ཆེད་དུ་འཕུར་བྱུང ཁྱེད་ནི་སོང་མི་ཚར་བའི་ལམ་གྱི་བདེན་པ་ཡིན ཁྱེད་ནི་བྲིས་མི་ཚར་བའི་གངས་ཀྱི་དཔའ་གདེངས་ཡིན བྱ་རྒོད་པོ རང་དབང་གིས་འཕུར་བའི་བྱ་རྒོད་པོང་ནི་ཁྱེད་དང་ཁྱེད་ནི་ང་རང་ཡིན

བྱ་རྒོད་པོ རང་དབང་ངང་ལྡིང་སྐོར་རྒྱག་པའི་བྱ་རྒོད་པོགཡང་གཟར་གྱི་བྲག་ཐེམ་ལས་འཕུར་སོང ཁྲག་གིས་ཕབ་པའི་སྡེར་ཤུལ་དུ སྤྱང་ཚོགས་ཀྱི་ཁ་རླངས་ཐོལ་ཐོལ་འཕྱུར བྱ་རྒོད་པོ བྱ་རྒོད་པོ ཁྱེད་ནི་ཁ་སང་གི་གཏམ་རྒྱུད་ཆེད་དུ་འཕུར་བྱུང ཁྱེད་ནི་དེ་རིང་གི་རང་དབང་ཆེད་དུ་འཕུར་བྱུང ཁྱེད་ནི་སྔོག་མི་ཚར་བའི་ལམ་གྱི་སྤོབས་པ་ཡིན ཁྱེད་ནི་གླེང་མི་ཚར་བའི་གངས་ཀྱི་དཔའ་གདེངས་ཡིན བྱ་རྒོད་པོ རང་དབང་གིས་འཕུར་བའི་བྱ་རྒོད་པོ ང་ནི་ཁྱེད་དང་ཁྱེད་ནི་ང་རང་ཡིན

གླུ་ཚིག་འབྲི་བ་ནི་སྙན་ངག་འབྲི་བ་དང་རྦད་དེ་མི་འདྲ་བར།གླུ་ཚིག་ལ་ཁོ་རང་ངོས་ཀྱི་ཁྱད་ཆོས་ཤིག་ཅི་ནས་ཀྱང་ཡོད་པས་ན། བདག་གིས་བྲིས་པའི་གླུ་ཚིག་འདྲ་བོ་འདི་ཡང་གླུ་ཚིག་ཅིག་ཡིན་མིན་བཤད་དཀའ་ནའང་།གློ་བུར་ཐོལ་བྱུང་གི་ཚོར་བ་ཞིག་གིས་འདི་ལྟར་ཐལ་བས། རྣམ་པ་ཚོས་བསམ་འཆར་ལྷུག་བསྩོལ་གནང་རོགས།