ཡུལ་ཤུལ་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་ཚོའི་དགུང་ཞགས་

བཞི་བཅུ་ཞེ་དགུའི་སྐབས་སུ་ཕུལ་བ།



རེ་བ་འདི་ནམ་ཡང་བརླག་མི་ཉན།



ཚེ་རིང་རྒྱ་མཚོས།









འཚོ་བ་ནི་ཡིད་ཆེས་དང་དགའ་སྤྲོ་ཡིན་ལ་འཚོ་བ་ནི་མཚར་སྡུག་དང་འོད་སྣང་ཡང་ཡིན་འཇིགས་སུ་རུང་བའི་ཆག་སྒོ་འདིས་ངེད་ཚོའི་ཡོད་ཚད་འཕྲོག་སོང་མོད་འོན་ཀྱང་ངེད་ཚོས་མ་འོངས་ལ་བཅངས་པའི་རེ་བ་འདི་ནམ་ཡང་བརླགས་མི་ཉན་རང་བྱུང་གི་གནོད་འཚེའི་མདུན་དུ་འགྲོ་བ་མིའི་རིགས་ཅི་འདྲིའི་ནུས་ཆུང་ཡང་ངེད་ཚོ་ནམ་ཡང་གནོད་འཚེའི་འཇིགས་རུང་འོག་དངངས་འདར་ཤོར་མི་ཉན་ངེད་ཚོའི་དངངས་འདར་གྱིས་སྐབས་རྗེས་མའི་གནོད་འཚེ་འདི་བཀག་མི་ཐུབ་ལ་ངེད་ཚོའི་སྐྱོ་གདུང་གི་མིག་ཆུས་མ་འོངས་ཀྱི་བདེ་སྐྱིད་བསྐྲུན་མི་ཐུབ་ནམ་མཁར་སྤྲིན་ནག་ལང་ལོང་དུ་འཁྲིགས་དུས་འབྲུག་སྐད་དང་དྲག་ཆར་གྱི་འཇིགས་པས་ངེད་ཚོ་དངངས་འདར་ཤོར་སྲིད་མོད་ཆར་རྗེས་ཀྱི་འཇའ་མཚོན་དང་ནམ་མཁའ་སྔོན་པོ་འདིས་ངེད་ཚོར་ངོ་མཚར་དང་དྲོ་སྐྱིད་ཀྱི་ཚོར་བ་ཞིག་བརྩལ་ངེས་དེ་རིང་གི་གནོད་འཚེ་དེ་སྤྲིན་ནག་སྟུག་པོ་ཞིག་ཡིན་ན་སང་ཡིན་ངེས་པར་དུ་ནམ་མཁའ་སྔོན་པོ་ཞིག་ལོས་ཡིན་དགོས་ཡིད་ཆེས་དང་རེ་བ་ནམ་ཡང་མི་བརླགས་ན་ནམ་ཡང་ངེད་ཚོ་རང་བྱུང་གནོད་འཚེ་ལས་ཕམ་མི་སྲིད་གལ་ཏེ་ཕམ་སོང་ཡང་ངེད་ཚོས་འཚོ་བར་ཡིད་ཆེས་ཀྱིས་ཁེངས་དགོས་དོན་དུ་ངེད་ཚོ་ཚང་མ་དུས་གཅིག་ལ་ཕམ་མི་སྲིད་ང་ཕམ་དུས་ཁྱེད་ཕམ་མི་སྲིད་ལ་ཁྱེད་ཕམ་དུས་ངས་རོགས་པ་བྱེད་ངེས་ངེད་ཚོ་ཚང་མ་ས་གཞི་ཨ་མའི་བུ་ཕྲུག་ཡིན་ལ་ངེད་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་སྤུན་ཟླ་ལགས་སྤུན་ཟླ་ཚོ་མིག་ཟུར་གི་མཆི་མ་འཕྱིས་ནས་མ་འོངས་ཀྱི་འཚོ་བར་རེ་བ་ཞིག་བཅངས་དགོས་སྤུན་ཟླ་ཚོ་འདས་པོ་ཚོར་སྨོན་ལམ་ཞིག་འདེབས་ཀྱིན་མ་འོངས་འཚོ་བར་བཅངས་པའི་རེ་བ་འདི་ནམ་ཡང་བརླགས་མི་ཉན་

{འདས་པོ་ཚོར་སྙིང་དབུས་ནས་སྨོན་ལམ་འདེབས་པ་དང་ལྷན་དུ་གནོད་འཚེ་ཕོག་མཁན་སྐྱེ་བ་ཕོ་མོ་ཀུན་ལ་སེམས་གསོ་དང་ཀུན་སློང་ཆེད་དུ་ཤེས་དམན་སློབ་བུ་ཚེ་རྒྱས་ཡུལ་ཞིས་ཨན་གྲོང་ནས་རྒྱང་རིང་གི་སྐྱེ་རྒུ་མདོའི་སྤུན་ཟླ་རྣམ་ལ་ཕུལ་དགེའོ་} ༢༠༡༠ལོའི་ཟླ་༤པའི༢༠ཉིན།