རང་གྲོལ།

ཚིག ཕྱགས་མ། ༼རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་པའི་མཐོ་གཅིག་འཛིན་རིམ།

ཁྱེད་རང་ལོ་ན་གཞོན་དུས།

རྐང་ལམ་ཕྲ་མོར་སྐྱོ་སྡུག་བཅོལ་མྱོང་།

མདོ་སྨད་གཅན་ཚ་རྫོང་ནས།

འབྲོག་སྟག་ཐང་གི་གནའ་གཏམ་རྒུམ་མྱོང་།

ཨོ་ཧོ་་་་་་་་་ཨེ་ཧེ་་་་་་་་་་ཨོ་ཧོ་་་་་་་་རང་གྲོལ

ལྷད་མེད་དྭངས་གཙང་སེམས་ནས།

ལང་ཚོའི་རྦབ་ཆུ་བཞུར་བྱུང་།

རང་གྲོལ་་་་་་་་་་མི་རིགས་ཀྱི་དཔའ་བོ།

རང་གྲོལ་་་་་་་་་་་་་་་་་་རང་གྲོལ།

ཁྱེད་ཀྱི་ལྷག་བསམ་དཀར་པོས།

ཤེས་བྱའི་མེ་ཏོག་ཆར་ལྟར་བསྙིལ་བྱུང་།

བསྟོད་པའི་མེ་རི་འཕྱུར་དུས།

དགག་ལན་སྦྲང་ཆར་ཕོ་ཉར་བཏང་མྱོང་།

ཨོ་ཧོ་་་་་་་་་ཨེ་ཧེ་་་་་་་་་་ཨོ་ཧོ་་་་་་་་རང་གྲོལ

མི་རིགས་གཞན་གྱི་མདུན་ནས།

རང་རིགས་ལ་རྒྱ་གླེང་མྱོང་།

རང་གྲོལ་་་་་་་་་་མི་རིགས་ཀྱི་དཔའ་བོ།

རང་གྲོལ་་་་་་་་་་་་་་་་་་རང་གྲོལ།

ཁྱེད་ཀྱི་རྩོམ་རྩལ་རྣོ་བས།

སྤྲུལ་སྐུ་རྫུན་མའི་གདོང་འབག་བྲད་བྱུང་།

འོན་ཀྱང་རྨོངས་བའི་ཞིང་གི

འུ་ཚང་ནམ་ཡང་སད་ཐབས་བྲལ་བས།

ཨོ་ཧོ་་་་་་་་་ཨེ་ཧེ་་་་་་་་་་ཨོ་ཧོ་་་་་་་་རང་གྲོལ།

ཁྱེད་ཀྱིས་རང་སྲོག་མཆོད་ནས།

འབོད་བརྡ་ཆེས་ཆེར་བཏང་བྱུང་།

རང་གྲོལ་་་་་་་་་་མི་རིགས་ཀྱི་དཔའ་བོ།

རང་གྲོལ་་་་་་་་་་་་་་་་་་རང་གྲོལ།