ས་མཐའི་ཁ་བ། ས་མཐའི་སྒེའུ་ཁུང་།



རྒོད་རྒྱལ་བློ་ཕུན། (ས་མཐའ།)









ལྷ་ས་ནས་ཇེ་རྒྱང་གི་ས་ལ

རི་རྩེའི་ཁ་བ་ཇེ་སྟུག་ནས་ཇེ་སྟུག་གི་ཕྱོཊ་སུ

ཕྱི་ལ་གཏད་པའི་སྒེའུ་ཁུང་ཆུང་ཆུང་དེ་ནས་རླུང་བུ་ཡར་འཁྱུག་མར་འཁྱུག་བྱེད





གྲོཊ་ཉེ་དག་གིས་ཁ་པར་བཏང་ནས ང་ལ་གཏན་དུ

བདེ་མོ་ཡིན་ནམ་ཞེས་ལན་མང་དུ་འདྲི་བར་བྱེད་སྐབས

ངས་སྒེའུ་ཁུང་ཆུང་ཆུང་ཞིག་ནམ་ཡང་ཕྱི་ལོཊ་ལ་གཏད་ཡོད་ཟེར





བར་སྐབས་སུ་ཁ་བ་ཉིན་མཚན་བསྟུད་ནས་བབ་ཅིང

ཁང་པའི་ཡང་ཐོག་དང་ལམ་འགྲམ་གྱི་སྙིཊ་སྣོད་སོ་སོར

མིའི་གཟུཊ་སུ་འཁྲུལ་བའི་སྣང་བ་སྐྱེ་འོང་ལ་མངོན་སུམ་མི་ཞིག་ཡོད་པའི་དོཊ་པ་སློང





ཁ་བའི་ཟེཊ་མ རི་རྩེ་ནས་དག་ཞིང་གི་དབྱིངས་ལ་འཐོར་ཚེ

ཁ་བའི་ཕྱེ་མ རྐང་འོག་ནས་ས་ཐག་ཇེ་རྒྱང་གི་གནས་ལ་བྱོལ་ཚེ

སེམས་གཟན་པའི་སྒེའུ་ཁུང་གི་ཕྱི་ན་སུ་ཞིག་ད་རུང་ང་ལ་ཅེར་ནས་ཡོད





ངས་ཁྱོད་ཀྱི་འདྲི་བ་ཅི་འདྲ་ཞིག་ལ་ལན་ཇི་ལྟ་བུ་ཞིག་གདབ་དགོས





2010ལོའི་ཟླ་4ཚེས་28ཉིན་བྲིས།