སྤྲུལ་སྐུ་དང་མཁའ་འགྲོ་འགའ་ཞིག་གི་ཞབས་བརྟན་དང་

མྱུར་བྱོན་གསོལ་འདེབས། །༡







ཨེ་མ་ཧོ། །

པཎ་ཆེན་ངག་དབང་སྙན་བརྒྱུད་གདམས་པའི་མཛོད། །

འཛིན་སྐྱོང་སྤེལ་བའི་མཁས་གྲུབ་རྒྱལ་བའི་སྲས། །

སྔ་འགྱུར་བསྟན་པའི་རྒྱལ་མཚན་བསྒྲེང་བའི་མགོན། །

བྱ་བྲལ་སངས་རྒྱས་རྡོ་རྗེ་རྒྱལ་གྱུར་ཅིག །

ཨོཾ་བུདྡྷ་བཛྲ་སིདྡྷི་ཧྰུྃ། །ཤྲྰིས་སོ། །



ཨོཾ་སྭྰ་སྟི། །

རྗེ་བཙུན་འཇམ་དཔལ་དབྱངས་དངོས་ཁྲི་སྲོང་རྒྱལ། །

མདོ་སྔགས་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་གར། །

བསམ་བཞིན་སྐྱེ་དགུའི་འདྲེན་པ་དགེ་བའི་བཤེས། །

གཟན་དཀར་ཐུབ་བསྟན་ཉི་མ་ཞབས་བརྟན་ཤོག །

ཨོཾ་ཤྰ་ས་ན་སུརྱ་བཛྲ་སིདྡྷི་ཧྰུྃ། །ཤྲྰིས་གུས་ཕུལ། །



ཨོཾ་ཨྰཿཧྰུྃ་ཧྲྰིཿ

ལྟ་བ་ཀློང་ཆེན་དགོངས་པའི་ངོ་བོར་གཟིགས། །

སྒོམ་པ་མཁྱེན་བརྩེའི་ཕན་བདེ་རང་བཞིན་གསལ། །

སྤྱོད་པ་རྒྱལ་བའི་མྱུ་གུའི་ཐུགས་རྗེ་ཅན། །

འབྲས་བུ་བསྟན་པའི་བདག་པོ་ཞབས་བརྟན་ཤོག ། །

ཨོཾ་ཤྰི་ལ་མ་ཏི་བཛྲ་སིདྡྷི་ཧྰུཾ། །ཤྲྰིས་སྙིང་ནས་སྨོན་པ་དགེའོ། །



ཨོྃ་སྭྰ་སྟི། །

ཐུབ་བསྟན་ཡོངས་རྫོགས་མཁྱེན་བརྩེ་ནུས་པའི་ཐུགས། །

ཟབ་རྒྱས་ལུང་རྟོགས་ཆོས་ཀྱི་གདམས་ངག་གསུང་། །

བསྟན་འཛིན་རྒྱ་མཚོའི་མངའ་བདག་རྒྱལ་བའི་སྐུ། །

སྐུ་ཚེ་བརྟན་ཅིང་ཕྲིན་ལས་མཐར་ཕྱིན་ཤོག །

ཨོཾ་ཤྰ་ས་ན་དྷརྨྰ་ར་ཛ་བཛྲ་སིདྡྷི་ཧྰུྃ། །ཤྲྰིས་སྙིང་ནས་སྨོན་པའོ། །



ཨེ་མ་ཧོ། །

བདེ་བ་ཅན་དུ་དགེ་བསྙེན་དྷརྨྰ་ཏ། །

གངས་རིའི་ལྗོངས་སུ་ཐོན་མི་སམྦྷོ་ཏྲ། །

ད་ལྟའི་དུས་སུ་རིག་སྔགས་རྣལ་འབྱོར་པ། །

འཇིགས་མེད་བློ་གྲོས་རྒྱལ་མཚན་རྒྱལ་གྱུར་ཅིག །

ཨོཾ་ཨ་བྷྱ་ཛྙྰ་ན་བཛྲ་སིདྡྷི་ཧྰུྃ། གང་ཤར་དུ་ཤྲྰིས་བྲིས་པ་དགེའོ། །ཨེ་མ་ཧོ། །ཆོས་ཉིད་སྟོང་པའི་རང་གཟུགས་ཡུམ་ཆེན་མོ། །

ཆོས་ཅན་བསྟན་པའི་བདག་མོ་ལབ་ཀྱི་སྒྲོན། །

གངས་ཅན་ཆོས་སྲུང་བཤད་སྒྲུབ་སྤེལ་མཛད་མ། །

མ་ཅིག་གཡུ་མཚོ་རྒྱལ་མོ་ཞབས་བརྟན་ཤོག །

ཨོཾ་པ་ར་ག་ཏེ་བཛྲ་སིདྡྷི་ཧྰུྃ། །



ཨོཾ་སྭྰ་སྟི། །

ལྷན་སྐྱེས་ཆོས་སྐུའི་མཁའ་འགྲོ་ཀུན་ཏུ་བཟང་། །

སྔགས་སྐྱེས་ལོངས་སྐུའི་མཁའ་འགྲོ་ཝ་ར་ཧི། །

ཞིང་སྐྱེས་སྤྲུལ་སྐུའི་མཁའ་འགྲོ་མཚོ་རྒྱལ་མ། །

མུ་མེད་ཡེ་ཤེས་མཚོ་མོ་ཞབས་བརྟན་ཤོག །

ཨོཾ་མ་དྷེ་མ་ཀ་ཛྙྰ་ན་ཌྰཀྐི་ནི་སིདྡྷི་ཧྰུྃ། །ཤྲྰིས་སོ། །



ཨེ་མ་ཧོ། །

བདེ་ཆེན་གཉུག་མའི་དེ་བཞིན་མངོན་དུ་བྱས། །

བདེ་གཤེགས་བསྟན་པའི་སྙིང་པོ་གསལ་བའི་བདག །

བདེ་མཆོག་ཆོས་དཔལ་རིག་པའི་གཏེར་མཛོད་ཅན། །

བདེ་གཡང་ལྷ་ཡི་དབང་མོ་ཞབས་བརྟན་ཤོག །

ཨོཾ་མ་ཧྰ་སུ་ཁ་ཤྭ་རི་བཛྲ་སིདྡྷི་ཧྰུྃ། །ཤྲྰིས་སོ། །



ཨོཾ་སྭྰ་སྟི། །

གངས་ལྗོངས་ཆོས་ལྡན་དག་པའི་ཞིང་ཁམས་སུ། །

སྔ་འགྱུར་བསྟན་འཛིན་དམ་པ་དགེ་བའི་བཤེས། །

རང་གཞན་དོན་གཉིས་རྒྱ་མཚོའི་ཕྲིན་ལས་ཅན། །

མཁན་ཆེན་ཡེ་ཤེས་ཕུན་ཚོགས་ཞབས་བརྟན་ཤོག །

ཨོྃ་ཛྙྰ་ན་ལཀྵཾ་བཛྲ་སིདྡྷི་ཧྰུྃ། །ཤྲྰིས་གུས་ཕུལ། །



ཨོཾ་སྭ་སྟི། །

སྔོན་བྱོན་རིག་འཛིན་ནུས་ལྡན་རྡོ་རྗེ་རྩལ། །

ད་ལྟའི་པད་འབྱུང་རྒྱལ་ཚབ་འབྲོག་བན་རྗེ། །

མ་འོངས་བདེ་གཤེགས་མོས་པ་མཐའ་ཡས་མཆོག །

བདུད་འཇོམས་པདྨ་གེ་སར་ཞབས་བརྟན་ཤོག །

ཨོཾ་གུ་ན་ཀོ་ཥ་པདྨ་བཛྲ་སིདྡྷི་ཧྰུྃ། ཤྲྰིས་གུས་ཕུལ། །



ཨེ་མ་ཧོ། །

རྒྱལ་བསྟན་སྤྱི་དང་སྔ་འགྱུར་རྫོགས་ཆེན་གྱི། །

བཤད་སྒྲུབ་ཕྲིན་ལས་སྤེལ་བའི་བླ་མའི་མཆོག །

ཉམས་ཐག་འགྲོ་དྲུག་འདྲེན་པའི་ཐུགས་རྗེ་ཅན། །

ཨ་འགྱུར་ཐུབ་བསྟན་སྙན་གྲགས་ཞབས་བརྟན་ཤོག །

ཨོཾ་ཤྰ་ས་ན་དྷརྨྰ་ཀིརྟི་བཛྲ་སིདྡྷི་ཧྰུྃ། །ཤྲྰིས་སོ། །



ཨོཾ་སྭྰ་སྟི། ། སྔ་འགྱུར་འོད་གསལ་རྡོ་རྗེ་ཐེག་པའི་ལམ། །ཕན་བདེ་འབྱུང་གནས་འཛིན་སྐྱོང་སྤེལ་བ་ལ། །མཁས་གྲུབ་ཆེན་པོ་ཀཿཐོག་རིག་འཛིན་རྗེ། །ཞབས་པད་སྲིད་མཐའི་བར་དུ་བརྟན་འགྱུར་ཅིག ། ཨོཾ་ཀཿཡ་བཛྲ་བིརྱ་དྷ་ར་སིདྡྷི་ཧྰུྃ། །ཤྲྰིས་གུས་ཕུལ། །



ཨོཾ་སྭྰ་སྟི། །

འཕགས་པའི་ཡུལ་དུ་འཕྲོག་བྱེད་དགའ་བོ་དང་། །གངས་རིའི་ལྗོངས་སུ་ཀུན་མཁྱེན་གོ་རམས་པ། །ད་ལྟའི་དུས་སུ་སེངྒེ་རྡོ་རྗེའི་མཚན། །ཕྱི་ནང་བསྟན་འཛིན་བླ་མའི་ཞབས་བརྟན་ཤོག ། ཨོཾ་སེངྷ་བཛྲ་སིདྡྷི་ཧྰུྃ། ཤྲྰིས་སོ། །



ཨོཾ་སྭ་སྟི། །

ཚོགས་གཉིས་ཡེ་ཤེས་རྒྱ་མཚོའི་སྨིན་གྲོལ་ལས། །དཔལ་ལྡན་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །བསྟན་དང་འགྲོ་ལ་ཕན་བདེའི་དཔལ་སྟེར་བའི། །ཁམས་སྤྲུལ་འཇམ་དབྱངས་གྲགས་པ་ཞབས་བརྟན་ཤོག ། ཨོཾ་མཉྫུ་གྷོ་ཥ་ཀིརྟི་བཛྲ་སིདྡྷི་ཧྰུྃ། ཤྲྰིས་སོ། །



ཨེ་མ་ཧོ། །

བྱམས་དང་སྙིང་རྗེའི་རང་གཟུགས་རྒྱལ་བའི་སྲས། །དད་དང་དག་མཉམ་རིས་མེད་བྱ་བྲལ་པ། །ཐབས་ཤེས་རིག་པའི་དབང་ཕྱུག་མཁས་གྲུབ་རྗེ། །ཀླུ་སྨྱོན་ཧེ་རུ་ཀ་དཔལ་ཞབས་བརྟན་ཤོག །

ཨོཾ་ནྰ་ག་ཛུ་ན་བཛྲ་སིདྡྷི་ཧྰུྃ། །ཤྲྰིས་སོ། །

ཨོཾ་སྭ་སྟི། །

སྐུ་མཆོག་དག་པ་ངུར་སྨྲིག་རྒྱན་བཟང་གསོལ། །

གསུང་དབྱངས་སྙན་པ་གདམས་ངག་རོལ་མོ་དཀྲོལ། །

ཐུགས་རྗེ་ཐབས་མཁས་ལམ་བཟང་སྟོན་པའི་བཤེས། །

བེ་རི་འཇིགས་མེད་དབང་རྒྱལ་ཞབས་བརྟན་ཤོག །

ཨོཾ་ཨ་བྷྱ་ཤྭ་ཛ་བཛྲ་སིདྡྷི་ཧྰུྃ། ཤྲྰིས་སོ། །

ཨོཾ་སྭྰ་སྟི། །

ཀ་དག་ཁ་བ་གངས་ཀྱི་ཞིང་ཁམས་སུ། །

ཕན་བདེའི་ལེགས་ཚོགས་མ་ལུས་འབྱུང་བའི་གནས། །

རིགས་གསུམ་ཀུན་འདུས་པདྨའི་རྒྱལ་ཚབ་མཆོག །

ཏྰ་རེ་ལྷ་མོ་ཡབ་ཡུམ་མྱུར་བྱོན་སྨོན། །

ཨོཾ་ཨ་བྷྱ་ཏྰ་ར་བཛྲ་སིདྡྷི་ཧྰུྃ། ཤྲྰིས་སོ།