ང་གིས་ཐོབ་ར་འགྱུར་བའི་སངས་རྒྱས་ཆོས་ཀྱི་སྐུ་ན་དེ་ཁོ་ན་ཡིན་པས་འབྲས་བུའི་སྐྱབས་ག1 །ནས་སུ་
གཞ་ག་གོ །།ང་སངས་རྒྱས་ཀྱི་ཐེག་པས་མ་འོངས་པ་ན་རང་རྒྱུད་ལ་རྟོགས་པ་རང་བྱུང་དུ་སྐྱེ་བར་འགྱུར་
བ་འི་ཆོས་དཀོན་མཆོག་ནི་འབྲས་བུ་སྟེ། འབྲས་བུའི་སྐྱབས་གནས་སུ་གཞག་གོ །ཉན་ཐོས་ཀྱི་ཐེག་པས་རང་
རྒྱུད་ལ་མ་འོངས་པ་ན་འགྱུར་བའི་དགྲ་བཅོམ་པའི་དགེ་འདུན་དེ་འབྲས་བུའི་སྐྱས་གནས་སུ་བཞག་པས།
ཐེག་པ་གསུམ་པོ་སོ་སོ་ལ་འབྲས་བུའི་སྐྱབས་གནས་ནི་རེ་རེ་ཡིན་ནོ་ཞེ་ས་གསུངས་པ་ཡང་ཅུང་ཟད་མི་«་ར་
རིགས་ཏེ། ཐེག་ཆེན་པས་སངས་རྒྱས་པ་ན་སྒུ་གསུམ་དཀོན་མཆོག་གི་རང་ཞིན་དུ་ངོ་བོ་གཅིགས་པར་
ཁས་བླངས་པས་ཆོས་དང་དགེ་འདུན་མི་འབྱུང་བ་ག་ལ་འཐད། ཉན་རང་གཉིས་ཀ་ས་འགོག་པ་གཉིས་
མཐར་ཐུག་གི་ཐོབ་བྱར་འདོད་པས། དེ་ནི་ཁོ་རང་གི་ལུགས་ཀྱི་དོན་དམ་པའི་བདེན་པ་བླ་ན་མེད་པའི་
བྱང་ཆུབ་ཆོས་སྐུར་དོན་གྱིས་འགྱུར་བས། ཉན་ཐོས་ལ་སངས་རྒྱས་དང་ཆོས་དཀོན་མཆོག་མེད་པ་ག་ལ་
ཡིན། རང་སངས་སྒྱས་ཀྱིའང་འགོག་པ་ཆོས་ཉིད་བྱང་ཆུབ་ཏུ་ཁས་བླངས་ཀྱི། ཆོས་དཀོན་མཆོག་ཁོ་ར་
ད་པ་!ཁས་མ་བླངས་སོ། །དེས་ན་འབྲས་བུའི་སྐྱབས་ནས་རང་རང་གི་བྱང་ཆུབ་ལ་འདོད་པ་ཡིན་ནོ། །
དེང་ད་ཀོན་མཆོག་མཐར་ཐུག་ཐོབ་པར་འདོད་པ་དེ་འབྲས་བུའི་སྒྱབས་འ་གྲོ་ཡིན་པར། ཁྱིམ་བདག་དྲག་
ཤུལ་ཅན་གྱིས་ཞུས་པའི་མདོ་ལས། སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ནི་སངས་རྒྱས་ཐོབ་བར་འ་དོད་འོ། །
ཆོས་ལ་སྐྱབས་སུ་འགྲོ་བ་ནི་ཆོས་ཐོབ་པར་འདོད་འོ། །དགེ་འདུན་ལ་སྐྱ་བས་སུ་འགྲོ་བ་ནི་དགེ་འདུན་
ཐོབ་པར་འ་དོད་པའོ་ཞེས་སོ། ། །རང་གཞན་གྱི་དོན་གཉིས་འ་གྲུབ་པའི་དོན་དུ་དཀོན་མཆོག་ལ་སྒྱབས་སུ་
འགྲོ་བ་རྒྱུའི་སྒྱབས་འ་གྲོ་
ཡིན་པར། དཀོན་མཆོག་བརྩེགས་པ་ལས། དགེ་སློང་དག །ཁྱེད་ཀྱིས་རང་ངམྭ་
གཞ1 ན་གྱི་ཕྱིར་ཡང་རུང་སྟེ་འཇིགས་པ་དང་འཚེ་བ་དེ་ལས་ཐར་ར་པྱ་བའི་ཕྱིར་སྐྱབས་སུ་སོང་ཞིག་དང་།
ཁྱེད་ཀྱི་འདོད་འི་རེ་པ་དེ་དང་དེ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་སོ། །གསང་སྔགས་པས་ནི་རང་ལ་
ཡོད་པའི་སེམས་ཉིད་སངས་རྒྱས་སུ་ད་ལྟ་རང་ས་སུ་གནས་པ་མངོན་དུ་ཐོང་བར་འདོད་ནས། ཐུན་
མོང་གི་ཡུལ་ཕྱི་རོལ་གྱི་དཀོན་མཆོག་གསུམ་ལ་སྐྱབས་སུ་འ་གྲོ་ཞིང་། ཐུན་མོང་མ་ཡིན་པ་ང་གི་སེམས་
ཉིད་གདོད་མ་ནས་མ་སྐྱེས་པའི་ངང་ལ་ཉམ་པར་འཇོག་གོ །དེའང་དཀྱིལ་འཁོར་སོ་སོའི་དཀོན་མཆོག་
གསུམ་དང་། བསྟན་པ་སྤྱིའི་དཀོན་མཆོག་གསུམ་གཉིས་ཀ་རྒྱུའི་སྐྱབས་ཡུལ་དུ་འདོད་ལ། དེ་ལ་སྐྱབས་སུ་
གྲོ་པ་ནི་རྒྱུའི་སྐྱབས་གྲོའོ། །རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དཀོན་མཆོག་གསུམ་ཡ་ནས་གནས་
པ་ནི་འབྲ་ས་བུའི་སྐྱབས་ཡུལ་ཏེ། དེ་ལ་བླང་དོར་ང་བཅོས་བསླད་མེད་པར་རྩེ་གཅིག་ཏུ་འཇོག་པ་ནི་
འབྲས་བུའི་སྐྱབས་གྲོའོ། །དེའང་ཕྱི་རོལ་གྱི་དཀོན་མཆོག་ལ་འབྲས་བུ་ཐོབ་པར་དོད་པའི་ཆ་ནས་
འབྲས་བུ་དང་། དེའི་ཆེད་དུ་སྐྱབས་སུ་འཛིན་པར་!ཁས་ལེན་འི་ཆ་ས་རྒྱུར་འ་དོད་པ་ལྟར་བརྩིར་རུང་
མོད་ཀྱང་། གཙོ་བོར་ང་ལ་ལྷུན་གྲུབ་ཏུ་ཡོད་ས་གཞན་དུ་མི་སྨོན་པར་དེའི་ང་ང་ལ་འ་ཇོག་པས་འབྲས་
བུའི་སྐྱབས་འ་གྲོ་ང་། དེ་སྒྲུབ་པའི་མཐུན་རྐྱེན་དུ་ཕྱིའི་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་རྒྱུ་འི་སྐྱབས་
འ་གྲོར་བཞ་ག་སྟེ། ཡ་ཤེས་གྲུབ་པ་ལས། དཀྱིལ་འཁོར་གསུམ་གྱི་མངའ་དག་ལ། །གཞ་ན་དུ་ཕུན་ཚོས་
དེ་འདོད་ནས། །ང་ཕྱིར་རྒྱུ་ལ་སྨོན་པ་དང་། །འོད་གསལ་པ་ཡི་སེམས་ཉིད་ནི། ། །ཀྱིལ་འཁོར་གསུམ་གྱི་
དག་ཉིད་དུ། །རྟོགས་ནས་རྩེ་གཅིག་མཉམ་འཇོག་པ། །འབྲས་བུའི་མཆོག་ཏུ་ཡང་དག་བཤ།ད། །ཅེ་ས་སོ།།
329