ཀྱི་བུ་མོ་ག་ང་ལ་ཞིག་གིས་ཐེག་པ་ཆེན་པོ་ལ་མོས་འི་བྱང་ཆུབ(་སེམས་དཔའ་ལ་དད་པའི་
སེམས་ཀྱིས་ལྟ་ཞིང་སྔག་ས་པ་བརྗོད་ན།། འདི་དེ་བས་བསོད་ནམས་ཆེས་གྲངས་མེད་པ་
བསྐྱེད་དོ་ཞེས་སོ། །གཞན་ཡང་ཉོན་མོངས་པའི་སེམས་ཀྱིས་ལྟན་ང་ངན་སོང་དུ་མི་གྲོ་
ཞིང་མཐོ་རིས་སུ་སྐྱེ་ན་དད་པས་པལྟ་བ་ནི་ལྟ་ཅི་སྨོས་ཏེ། འཕགས་པ་དཀོན་མཆོག་
བརྩེག་ས་པ་ལས། བྱང་ཆུབ་སེམས་དཔའ་དགའ་བྱེད་ཅེས་བྱ་བ་གཟུག་ས་ཟང་ཞིང་ལྟ་
ན་སྡུག་པ་ཞིག་མཉན་ཡོད་དུ་སོད་སྙོམས་སྤྱོད་པ་ན། ཚོད་དཔོན་གྱི་བུ་མོ་དཔལ་ཡོན་
ན་གྱི་མཆོག་ཅེས་པྱ་བས་མཐོང་སྟེ། བུ་མོ་དེ་དག་འདོད་ཆགས་ཀྱི་མེ་རབ་ཏུ་འབར་བས་
གདུང་ཞིན་དུ་ཚེའི་དུས་བྱས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་སོ། །དེར་ལྷའི་བུ་དེས་སྔོན་
གྱི་གནས་རྗེས་སུ་དན་ཏེ། ཨེ་མ་བྱང་ཆུབ་སེམས་དཔའ་ལ་འདོད་ཆགས་ཀྱི་སེམས་ཀྱིས་
བལྟས་པས་ཀྱང་རྣམ་པར་སྨིན་པ་འདི་ལྟ་བུ་འབྱུང་བར་འགྱུར་ན། དད་པས་ཆོད་ཅིང་
ལྟས་ན་ལྟ་སྨོས་ཀྱང་ཅི་དགོས་སྙམ་ནས། ལྷའི་འཁོར་ལྔ་བརྒྱ་དང་ལྷན་ཅིག་ཏུ་འོངས་ཏེ་
མེ་ཏོག་ལ་སོགས་ས་ཆོད་པར་བྱས་སོ་ཞེས་སོ། །གཞ་ན་ཡ1 ང་དེ་ལ་མ་ད་པས་ངན་སོང་
དུ་སོང་ང་མཐར་དེའི་ཐུགས་རྗེས་སྐྱོབ་པས་འཁོར་བའི་ཕ་རོལ་དུ་སྒྲོལ་ཞིང་། དད་པ1 ས་
འབྲེལ་ན།ང་དོན་ཡོད་ས་མྱུར་དུ་བྱང་ཆུབ་འཐོབ་སྟེ། དཀོན་རྩེགས་ལས། གང་ལ་
ལ་ཞིག་གིས་བྱང་ཆུབ་སེམས་དཔའ་ལ་སྡིག།པ།འི་ལས་བྱས་པ་དག་ཀྱང་། ས་དེས་ངན་
སོང་དུ་སོང་བ་ལས། སླར་ཡང་བྱང་ཆུབ།སེམས་དཔའ་དེས་བརྩོན་པ་ཆེན་པོས་ཐར་བར་
བྱས་ཏེ། བླ་ན་མེད་པའི་བྱང་ཆུབ་ལ་འཇོག་གོ་ཞེས་པ་དང་། སྤྱོད་འཇུག་ལས། དག་
ལ་དམིག1 ས་ནས་གང་དག་གིས། །ཁྲོ་མ་དད་པའི་སེམས་གྱུར་ན། །དེ་ཉིད་རྟག་ཏུ་དེ་
དག་གི དོན་གུན་གྲུབ་པའི་རྒྱུར་གྱུར་ཅིག །ཅེས་པ་དང་། གང་ལ་ག་ནོད་པ་བྱས་ཀྱང་
དེར་འབྲེལ་བ། །བདེ་བའི་འབྱུང་ག་ནས་དེ་ལ་སྐྱབས་སུ་ཆི། །ཞེས་སོ། །གཉིས་པ་ངོ་
བོ་བཤད་པ1 ང་བདུན་ས། སྨོན་འཇུག་གཉིས་སྤྱིར་བསྟན་པ་ནི། ད་ནི་སེམས་སྐྱེད་
པའི་ངོ་བོ་ད་པར་བྱ་སྟེ། འདི་ལྟར་བྱང་ཆུབ་ཆོག་ཏུ། སེམས་སྐྱེད་པ་ནི་ཆད་མེད་
འགྲོ་བའི་ཕྱིར། །ཡང་དག་སངས་རྒྱས་ཐོབ་པར་འདོད་པ་སྟེ། །སྨོན་དང་འཇུག་པའི་རང་
བ་ཞིན་གཉིས་ཡིན་ནོ། །དེ་ཡང་བསམ་ས་སྨོན་དང་སྦྱོར་ས་ཁྱ་བ། །འགྲོ་བར་འ་དོད་དང་
གྲོ་བ་ཉིད་བཞིན་ནོ། །དེ་ལ་སེམས་བསྐྱེད་པ་ནི་ག་ཞན་དོན་དུ་སངས་རྒྱས་འ་དོད་པ་སྟེ།
མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོ་གས་པའི་བྱང་
ཆུབ་འདོད། །ཅེས་སོ། །དེ་ཡང་སེས་ནི་དོན་གྱི་ངོ་བོ་རིག།པ་ཡིན་ལ། སེམས་བྱུང་དེའི་
ཿ71