གསལ་སྒྱུ་མ་ཉིད། །ཤིང་རྟ་བཟང་པོའི་འགྲེལ་འདིས་རབ་གསལ་བྱ། །གང་གི་ཚེ་ཐུགས་རྗེ་རྨད་དུ་བྱུང་བའི་
འོད་ཟེར་གྱིས་མ་ཐའ་ཡས་པའི་འཇི་ག་རྟེན་དུ་སྒྲོན་མེ་རྣམ་པར་པཀོད་དེ། མ་རིག་པའི་མུན་པ་ཐམས་ཅད་
ལ་བ་ས། ཞིང་འདིར་ཡང་ཕྱི་དང་ནང་གི་སྟོན་པ་ཅོམ་ལྡན་འདས་སྟོང་ལ་སོགས་ས་ཆོས་ཀྱི་
ཕུང་པོ་ག་ཏུ་མེད་པ་གསུངས་པ་དག་གི་མཆོག་ནི། ཐེག་པ་ཆེན་པོ་བླ་ན་མེད་འི་ཆུ་ལ་རྒྱ་ཚོ་སྒྲོགས་
པ་ལས། བ་མོ་སྙིང་པོ་གཅིག་ཏུ་བ་སྡུས་ནས་ཉམས་སུ་ལེན་པ་ལ་ཕྱོགས་ངེས་པར་སྦྱར་ན། སྒྱུ་མའི་ཆུལ་
རྣམ་པ་གཉིས་དཔེ་བརྒྱད་ཀྱིས་གོ་རིམས་ངེས་པས་རྣལ་འབྱོར་དུ་གསུངས་ཏེ། དེའི་མན་ང་ག་གི་གནད་
ངེས་པ་རྣམས་རང་བཞིན་རྫོག]ས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་སྒྱུ་མ་ངལ་སོ་ཞེ1 ས་བྱ་བར་གཏན་ལ་བ་
པ་ལས། འདིར་ཡང་དེའི་རྣམ་པར་བྱེ་བ་དོན་གྱིས་འགྲེལ་པའི་གནས་ངེས་པ་ལས། རེ་ཞིག་ང་པོ་
ཕྱག་གིས་ཆོད་པར་བརྗོད་པ་ནི། ཆོས་ཀུན་མ་སྐྱེས་མཉམ་པའི་ངང་ཉིད་ས། །ཡ་ཤེས་སྒྱུ་མ་ག་ཉིས་
མེད་རོལ་པ་ཆེ། །སེམས་ཉིད་རྒྱལ་པོ་རང་བྱུང་གདོད་མ་ལ། །མ་སྐྱེས་འདུ་འབྲལ་མེད་པས་ཕྱག་འཚལ་ལོ།།
ཞེས་བྱ་བ་སྨོས་ཏེ། ཚིགརྶ་སུ་བཅད་པ་དི་ནི་བསྟན་བཅོས་འདིའི་རྡོ་རྗེའི་ལུས་རྣམ་པར་ཞ་ག་པ་ཡིན་
ཏེ། སོ་སོ་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་ཁམས་བདེ་བར་གཤེགསཔའི་སྙིང་པོ་ནི་འཁོ་ར་བ་དང་མྱ་
ན་ས་འདས་པའི་ཆོས་ཐམས་ཅད་ཀྱི་བྱས་མ་འབྱུང་གནས་དམ་པ་ཡིན་ཏེ། འཕགས་པ་ལང་ར་
གཤེགས་པའི་མདོ་ལས། ཐོག་མ་མེད་པ་དུས་ཀྱི་དབྱིངས། །ཆོས་རྣམས་གུན་གྱི་གནས་ཡིན་ཏེ། །འདི་ཡོད་
པས་ན་འ་གྲོ་གུན་དང་། མྱ་ན་འདས་པ་ཐོབ་པ་ཡིན། །ཅེས་གསུ་ངས་སོ། །དིའི་ངོ་བོ་ནི་རང་བཞིན་གྱི་སྒྱེ་
བ་མེད་པ་དང་། ཉམ་པ་ཉིད་དང་། ངོས་པོ་མེད་པ་དང་། རྟག་ཆད་ལས་འདས་པའི་ཕྱིར། ཉིས་སུ་
མེད་འི་ཡ་ཤེས་སྨྲ་བསམ་བརྗོད་པ་ལས་འདས་པ་སོ་སོ་རང་གི་རིག]་པ་དོན་དམ་པའི་བདེན་པ་སྟེ། སྒྲ་
ཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས་ཀྱང་། སྤྲ་བསམ་བརྗོད་མེད་ཤེས་བ་ཕ་རོལ་ཕྱིན། །མ་སྐྱེས་མི་
འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་
འཚལ་ལོ། །ཞེས་གསུངས་སོ། །དི་ཉིད་གང་གི་ངོ་བོར་ཡང་མ་གྲུབ་ལ། འཁོར་འདས་ཀྱི་འཆར་གཞིར་
གནས་ཏེ། དོ་ཧ་མཛོད་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྦིད་ཀྱང་མྱ་ངན་འདས ༩་
ཕྲོ་བ། །འ་དོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞི་ན་ནོ་ར་འདྲའི་སེམས་ལ་ཕྱག་འཚལ་ལོ། །
ཞེས་གསུངས་སོ། །དེ་ལྟར་ཕྱག་གི་རྗེས་ལ་བསྟ་ན་ཅོས་བརྩམ་པར་དམ་བཅའ་བ་ནི།། རྒྱལ་ས་ཆོས་ཀུན་
སྒྱུ་འི་ཚུ་ལ་གཉིས་སུ། །ཡང་དག་གསུང་དེ་རང་བཞིན་རྟོགས་བྱའི་ཕྱིར། །མདོ་རྒྱུད་མན་ངག་སྙིང་པོའི་
བཅུད་བསྡུས་ཏེ། །ཇི་ལྟར་མས་སུ་མྱོང་བཞིན་བཤ1 ད་ཀྱིས་ཉོན། །ཅེས་པ་སྟེ། སྣང་སྲིད་འཁོར་འདས་ཀྱི་
ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་སྒྱུ་མྭ་ལྟ་བུར་གསུངས་ཏེ། ཡུམ་བར་མ་ལས་རབ་འབྱོར་ཆོས་
ཐམས་ཅད་ནི་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ན་ལས་
འདས་པ་ལས་ཆེས་ལྷག་པའི་ཆོས་ཤིག་ཡོད་ན་དེ་ང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་པ་དང་། སྒྱུ་མ་
མ!ཁན་རབ་ཏུ་བཐང་པོས་ཞུས་པའི་མདོ་ལས་ཀྱང་། བཟང་པོས་ཆོས་རྣམས་ཐམས་ད་གུན། །སྒྱུ་མ་ལྟ་
བུར་ཤེས་ར་པགྱི། །ཞེས་གསུངས་སོ། །དེ་ལ་འ་ཁོར་བའི་ཆོས་ཐམས་ཅད་ནི་སེམས་ལ་སྣང་ཞིང་སེམས་
ཀྱི་བག་ཆགས་མ་ཐུས་པའི་ཕྱིར་ལོག་རྟོག་སྒྱུ་མ་ཞེས་བྱའོ། །མྱ་ན་ལས་འདས་པའི་ཆོས་ཐམས་ཅད་ནི་
63
NextPage