འགྲོ་ཀུན་རྣམ་གཡེང་ཉེན་མོངས་རྟག་འཛི་ན་གྱིས། །དུབ་པའི་སེམས་ཉིད་དི་རི་ང་ངལ་སོས་ཤིག །རྫོགས་པ་
ཆེན་པོ་སེམས་ཉད་ངལ་གསོ་ལས། །ཚེ་མི་རྟག་པའི་ལེའུ་སྟེ་གཉིས་འོ། །དེ་ལྟར་མི་རྟག་ཁམས་གསུམ་
འཁོར་བའི་ཆོས། །རྣམ་ར་འགྱུར་བས་ཤིན་ཏྱ་སྡུག་བསྔ་ལ་ཏེ། །སྡུག་བསྔལ་འགྱུར་ང་འདུ་བྱེད་ཉིད་
གསུམ་གྱིས། །གྲོང་ཁྱེར་དྲུག་གི་འགྲོ་ཀུན་ཉམ་རེ་ཐག །ཇི་ལྟར་མེ་ང་གཅན་གཟན་མི་རྒོད་ཁྲོད། །རྒྱལ་
པོའི་བཙོན་རར་ཆུད་འི་གྲོ་བ་ལྟར། །སྡུག་པསྔལ་སྔ་ཕྱི་པ་རྒྱུ་ད་མས་མནར་བཞིན་དུ། །ད་དུང་ཐར་པའི་
སྐ་པ
ས་མེད་སྐྱོ་བ་འཕེལ། །བདེ་ཐོབ་སྡུག་པསྔལ་བྲལ་འདོད་བློ་ཡོད་ཀྱང་། །སྡུག་བསྔལ་རྒྱུ་འབྲས་ཉིད་ལ་
མངོན་པ་ར་རྒྱུག །མར་མེའི་འོད་ལ་ཕྱེ་མ་ལེབ་ཞིན་དུ། །འདོ་ད་པའི་ཡུལ་ལ་ཆགས་སྦེད་འཛིན་པས་
སླུས། །དེ་བཞིན་རི་དགས་བུང་པ་ཉ་དང་གླང་། །སྒྲ་དང་དྲི་རོ་རེརྒ་གིས་སླུ་བ་ལྟར། །འདོད་པ་འི་ཡུལ་ལྗ་
དག་གིས་འགྲོ་བ་སླུས། །ནམ་ཡང་དེ་མེད་སྡུག་བསྔལ་གྱུར་ལ་ལྟོས། །ལྷ་དང་ལྷ་མིན་དམྱལ་པ་ཡི་དགས་
་མི། །
བྱོལ་སོང་རིགས་དྲུག་ཟོ་ཆུན་རད་མོ་བཞི་ན། །གཅིག་ནས་གཅིག་བརྒྱུད་སྡུག་སྔལ་ཕ་མཐའ་ས། །
ཚེ་རབས་པགྲང
ས་ཚེ་སེམས་ཅན་རེ་རེས་ཀྱང་། །མཛའ་ཤེས་གྲ་དང་པར་མའི་ཁུར་ཁྱེར་ས། །བདེ་
སྡུག་ན་གནོད་སྦྱིན་པ་གྲངས་མཐའ་ས། །ཕ་ཉིད་མར་གྱུར་མ་ཉིད་སྲིང་མོ་ཉིད། །དེ་ཉིད་བུར་གྱུར་ངེས་
པ་མ་མཆིས་ཤིང་། །ཇའ་བོ་དགྲར་གྱུར་པ་ཡང་ཐུག]་པ་མེད། །འདི་ལྟར་འཇིག་རྟེན་སྔ་ཕྱིའི་ལས་བསམས་
ན། །སྐྱོ་བ་བས་ཀྱང་ཤིན་ཏུ་སྒྱོ་བ་འཕེལ། །རང་ཉིད་གྲོག་བུར་གྱུར་པའི་ལུས་རྣམས་གུན། །གཙིག་ཏུ་
བསྡོ་མས་ཏེ་ཕུང་པོར་བྱར་ཡོད་ན། །ལྷུན་པོ་རིན་ཆེན་ཞི་ས་ཆེས་མཐོ་ཞིང་། །ངུས་པའི་མཆི་མ་རྒྱ་ཚོ་
བཞི་ས་ལྷག །སེམས་དམྱལ་ཡི་དགས་གྱུར་ཚེ་འཐུངས་གྱུར་འི། །ཟངས་ཞུན་རྣག་ཁྲག་མི་གཙང་ཁུ་བ་
རྣམས། །ཕྱོགས་མཐའ་གཏུགས་འི་ཆུ་ཀླུང་ཆར་མི་ཕོད། །དེ་བ་ཞི་ན་གཞན་རྣམས་དཔག་ཡས་ནམ་མ!ཁའ་
དྲ། །འདོད་ཕྱིར་མགོ་དང་ཡན་ལག་བཅད་འི་གྲངས། །འཇིག་རྟེན་རལ་ཕྲན་སྙེད་ཀྱིས་ཆ་ར་མི་ཕོད། །
བྱོལ་སོང་
གྲུལ་བུམ་གནོད་སྦྱིན་ལྟོ་ཕྱེ་སོགས། །འགྲོ་བའི་ཁམས་གྱུར་བདེ་སྡུག་གྲངས་མེད་མྱོང་། །ཚངས་
དང་རྒྱ་བྱན་བསམ་གཏ་ན་གཟུགས་མེད་ང་། །ས་ཞི་རིན་ཆེན་བདུན་གྱིས་ལེགས་སྐྱོང་འི། །མི་
དབང་དཔལ་སྡེ་ཕུན་ཚོགས་དེ་ཐོ་བ་ཀྱང་། །ངན་འགྲོར་ལྟུང་ས་ཆེས་ཆེར་སྡུག་པསྔལ་ལོ། །ཚེ་འདིར་
འབྱོར་པ་མཐའ་ཡས་མས་དགའ་བ། །ཐོན་པོའི་རང་བཞིན་ཅན་རྣམས་ཚེ་འཕོས་ནས། །དབུལ་བས་
ཉམ་ག་ཡང་བྲན་ཉིད་གྱུར་པ། །རྨི་ལམ་འབྱོར་པ་གཉིད་སད་མེད་པ་བཞིན། །དེ་སྡུག་མི་རྟག་འགྱུར་
བའི་སྡུག་བསྔ་ལ་ནི། །ཤིན་ཏུ་བསམས་ན་ཆེས་ཆེར་སྐྱོ་བ་འཕལ། །དེ་ས་གྲོང་ཁྱེར་གསུམ་གྱི་སེམས་ཅན་
རྣམས། །འཁོར་བའི་དེ་ལ་གས་མེད་བྱང་ཆུབ་བསྒྲུབ།། །ལུས་ངག་ཡིད་གསུམ་འདོད་གཟུག་ས་གཟུགས་
མེད་དེ། །སྣང་དང་ཕྱེད་སྣང་མི་སྣང་གྲོང་ཁྱེར་ན། །སྡུག་བསྔལ་འགྱུར་དང་འདུ་བྱེད་གསུམ་གྱིས་གདུངས། །
སེམས་དང་ཡིད་དང་རྣམ་ཤེས་མཆེད་པ་ཡིས། །ཡུལ་རྣམས་དེ་སྡུག་འཁྲུལ་འཁོར་རྒྱུན1 མི་འཆད། །ཀུན་
ཞིའི་རྣམ་ཤེས་ཡིད་དང་སྒོ་ལྔའི་ཤེས། །རིམ་བཞིན1 མཆེད་པ་མཆེད་པའི་རིམ་པ་ཡི་ན། །དེ་ས་སྲིད་པའི་
སྡུག་བསྔལ་རྒྱུ་འབྲས་འབྱུང་། །རྩ་བ་མ་རིག་གཟུང་འཛིན་འཁྲུལ་པ་ན། །ཡུལ་ང་དོན་དང་སེམས་སུ་
བག1 ཆགས་ས། །ང་དང་ང་ཡིར་འཛིན་པས་འ་ཁོར་བ་གྲུབ། །སེས་ཉིད་འགྱུར་མེད་ཡོངས་གྲུབ་ཆོས་སྐུ་
ང་། །མ་རིག་འཛིན་པས་ཀུན་བརྟག་ས་གོམས་པ་ཡིས། །མ་དག་གཞ་ན་དབང་ལྟར་སྣང་འཁྲུལ་པ་ཅན། །
169
NextPage