ཁོར་དང་ཡོ་བྱད་དང་གྲགས་པ་དོན་དུ་ཉེར་བ། བེན་པར་གནས་ཀྱང་འདུ་ཛི་དང་ཉོན་མོངས་
པའི་ར་བཔ་པ། ཕྱི་མ་རྒྱང་རིང་དུ་འཕངས་པ། ང་ལས་གཞ་ན་པའི་ཆོས་དང་གང་ཟག་མས་ཅད་
ལ་སྐུར་པ་འདེབས་པ། ངག་ཏུ་ཆོས་ལྟར་མཁས་མཁས་ལྟར་སྟོན་ཡང་། དོན་ལ་རང་གི་སེམ་ས་ལ་མ་ཕན་
ས། ཚིག་དང་དོན་དུ་འཛོལ་པས་ཟོག་པོའི་རིགས་ཞེས་བྱ་སྟེ། མི་གཅང་བ་ཕྱི་སའི་ཕུང་པོ་ལྟ་བུའི་ཚོག
མེ་
བསགས་པའི་འཁོར་སྤྲང་བུ་ལྟ་བུ་མང་དུ་འ་དུ་ཡང་། དད་ལྡན་ཐ་ར་པ་འདོད་འདག་ངན་འགྲོར་འ་ཁྲིད་
ས་ན་རིང་དུ་སྤོངས་ཤིག་ཅེས་པ་སྟེ། སངས་རྒྱས་མཛོད་ཀྱི་མདོ་ལས། འཇིག་རྟེན་གྱི་གྲས་ནི་སྦོག་ཅ་མ་
ཕྲོགས་ཏེ་ལུས་འདོ་རཔ་ཅམ་དུ་ཟད་ཀྱི་
ངན་འགྲོར་ལྟུང་བར་མི་བྱེད་དོ། །མི་གཏི་མུག་ན་ལོག་པའི་ལམ་
ལ་ཞུགས་པས་ནི་དགེ་བ་དོན་དུ་གཉེར་བ་རྣམས་བསྐལ་པ་སྟོང་གི་བར་དུ་དམྱལ་བར་འ་ཁྲིད་པར་བྱེད་དོ། །
དེ་ཅིའི་ཕྱིར་ཞེ་ན། དངོས་པོ་དང་མཚན་མའི་ཆོས་ལ་སྤྱོད་ཙིང་། ཕྱིན་ཅི་ལོག་གི་ཆོས་སྟན་འི་ཕྱིར་རོ། །
འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་སྲོག་བཅད་པ་བས་ལོག་བར་འཁྲིད་པའི་ཆོས་བསྟན་སྡིག་པ་ཆེའོ་ཞེ་ས་
ང་སྨའོ་ཞེས་སོ། །
སྡིག་ལ་སྦྱོར་འི་མཇའ་གྲོགས་སྤང་བ་ནི། ཞར་ལ་སྡིག་པའི་གྲོགས་པོ་སྤང་བར་གདམས་
པ། སྡིག་པའི་གྲོགས་པོ་དེ་ང་སྤང་བྱ་སྟེ། །ཇི་ཙམ་འགྲོགས་པ་དེ་ཅ་མ་སྡིག་པ་འ་ཕེལ། །དགེ་བ་འགྲིབ་ཅིང་
ཉོན་མོངས་ཆར་བཞི་ན་འ་བབ། །བདེ་འགྲོ་འགོག་ཅིང་ངན་འགྲོའི་འབབ་སྟེགས་ཏེ། ། །དམ་པ་སྨོད་ཅིང་
དཀར་པོའི་ཆོས་ལ་སྔ་ང་། །ངན་པ་བསྟོད་ཅིང་ནག་པོའི་ཆོས་ལ་བརྟེན། །སྐལ་མཉམ་མི་དགེ་སྤྱོད་རྣམས་
བསྔགས་པ་སྟེ། །རྟག་ཏུ་ལོག་ལམ་ངན་འགྲོར་འཁྲིད་ས་ན། །བློ་མིག་ལྡན་ར་རིང་དུ་སྤང་བར་བྱ། །ཇི་
ལྟར་བསྟེན་པ་ལྟར་སྡིག་པ་འ་ཕེལ་ཞི་ང་སྡིག་པ་བྱེད་པ་རྣམས་ལ་བརྟེན། དེ་དག་གི་སྔག་ས་པ་བརྗོད།
དགེ་བ་རིང་དུ་སྤོང་པ་དེ་དག་གིས་ངན་འ་གྲོར་ལྟུང་ས་སྤང་དགོས་ཏེ། དཀོན་རྩེགས་ལས། སྡིག་པ་འི་
གྲོགས་པོ་ང་ཞ་ན། དགེ་བ་འགྲིབ་ཅིང་མི་དགེ་བ་ལ་སྦྱོར་བ་གང་ཡིན་པ་སྟེ། དེ་སྟེན་པར་མི་བྱ། བསྙེན་
པར་མི་བྱ། མཐོང་བར་ཡང་མི་བྱའོ་ཞེ་ས་པ་དང་། ཉན་ཐོས་གང་དག་བདག་ཕན་བརྩོན་པ་དང་། །
དག་གི་དོན་དུ་གཞ་ན་ན་རྣམ་པར་སྤོང་། །གང་གིས་བསྟེན་པ་ཐང་ཟིང་ཀུན་སྡུད་ཀྱིས། །ཆོས་ཀྱིས་ནམ་
ང་སྡུད་པར་མི་བྱེད་པ། །དེ་ནི་བཤེས་གཉེན་ན་དང་གྲོགས་ན་དུ། །གྱལ་བ་ས་གསུངས་ཏེ་ཐག་
བསྲི
ས་ཡོངས་སུ་སྤང་། །ཞེས་སོ། །ཤེས་དང་གྲོགས་ན་སྤང་ས་པའི་ཕན་ཡོན་ནི། དེ་དག་སྤངས་ཤིང་
མ་བསྟེན་པ་འི་ཕན་ཡོན།། སྡིག་པའི་ཤེས་གཉེན་གྲོས་བཅས་སྤངས་པ་ཡིས། །འདི་ཕྱིར་བདེ་ཞིང་ལེགས་
འི་ལོན་ཏན་འགྲུབ། ། །རྟག་ཏུ་དགེ་འ་ཕེལ་ཐར་ལམ་ཟབ་མོ་ཟིན། །སྐྱེ་བོ་ན་པ་མ་ཡང་མི་མཐོང་ཞིང་། །
བདེ་གཤེགས་སྲས་ཀྱི་ས་བསྐོར་བའི་མགོན་པོ་རྣམས། །དག་ལ་དགོངས་ཤིང་བྱིན་གྱིས་རློབ་པར་ཐོང་། །
དེ་ར་ཚེ་ཡི་དུས་བྱེད་མཐོ་རིས་གྲོ། །དེ་སོགས་བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན། །ཞེས་པ་སྟེ། ཁྲི་
བརྒྱད་སྟོང་པ་ལས། རབ་འབྱོར། དེ་ལ་སྡིག་པའི་གྲོགས་པོ་སྤངས་པའི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་བོ། །
རྟག་ཏུ་དགེ་བ་པྱེ
ད་པ་ཡིན།། དེ་བཞིན་གཤགས་པ་རྣམས་ཐོང་བ་ཡིན(། དེ་ར་ཚེའི་དུས་བྱེད་པ་ཡིན།
དེ་འགྲོ་ཐོ་རིས་ཀྱི་འཇིག་རྟེན་དུ་སྒྱེ་བ་ཡིན། སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམ་ས་ཡིད་ལ་བྱེད་པ་
དང་མི་འབྲལ་པ་ཡིན། མྱུར་དུ་བླ་ན་མེད་པ་ཡང་དག་ར་རྗོགས་པའི་བྱང་ཆུབ་མངོན་དུ་བྱེད་པ་ཡིན་ནོ་
ཞེ་ས་སོ། །དེ་དག་གི་ངོན་བསྡུ་བ་ནི། དེའི་རྗེས་ཐོགས་སུ། དགེ་བའི་གྲོགས་པོ་མ་པ་རྟག་ཏུ་བསྟེན། །དེ་
319
NextPage