ཟ ༨ ༦ ༴ ༴ དགོངས་འངུས་ཆོས་སྐོར༴
ང་རུང་༔ རེག་ཅིང་འབྲེལ་པར་གྱུར་པའི་སེམས་ཅན་རྣམས༔ མྱུར་དུ་མངོན་པར་
རྫོགས་པར«་སངས་རྒྱས་ཤོག༔ ༀ་ཨཱཿཧཱུཾ་མ་ཧཱ་ག་རུ་ཀུན་བཟང་ཡབ་ཡུམ་མ་སམྠ་
ཝ་ཨ་བྷི་ཥྦིཉྩ་ནཾ༔ ཞེས་པས་ཀུན་སྦྱ
ར་བླ་མའི་མཚན་སྤེལ་གཞུག་༔ དེ་ལྟར་དབང་
སྐུར་ལྡན་པའི་བཏགས་གྲོལ་ཏེ༔ སྐལ་ལྡན་སྐྱེས་བུའི་འབྲལ་མེད་ལུས་ལ་བཅཔ༔
རྡོ་རྗེ་སློབ་དཔོན!་གསེར་གྱི་མརལ་དཔ༔ ཅི་ཡོད་འབྱོར་པའི་ཡོན་གྱིས་དགྱེས་པར་
མཆོད༔ དཀྱིལ་འཁོར་ལྷ་ལ་གཏང་རག་གཏོར་ཚོགས་བུལ༔ གཞན་ཡང་ཆོས་
སྟོན་བསོད་ནམས་ཚོགས་ཆེན་བསགས༔ རྗེས་ཀྱི་ལས་རིམ་སྤྱི་དང་འདྲ་བར་བྱ༔
་སྦོ
ས་བཅས་དབང་སོགས་གཞན་དང་འབྲེལ་སྐུར་ན༔ སྤྱི་ཆུལགཞན་ལྟ་ར་བྱེ་བྲག་
དེ་ལྟར་བསྐུར༔ ཁྱད་པར་བཏགས་གྲོལ་ཉིད་ཀྱི་རྒྱུ་མཚན་བཤད༔ སྙིང་ཐིག་དོན་
་གཉེར་
ཐོད་རྒལ་དབང་དང་འབྲེལ༔ སྤྱི་རྒྱུག་ལ་ནི་དེ་དོན་ཤེས་པར་བྱ༔ ཞི་པ་
བཏགས་གོལ་ཅི་ལྟར་འཆང་ཚུལ་ནི༔ ༔ སྣ་ཚོགས་དར«་སྣ་དྲི་མ་མེད་ས་དྲིལ༔ རིན་
ཆེན་སྨན་དང་འབུ་སྣ་ལ་སོག1 ས་ཀྱབ༔ རྟེན་གྱི་ཆ་དང་བསྟུན་ཏེ་ཆོད་ཕྱིར་གཞུག༔
གཞན་ཡང་བྱིན་རླབས་ཅན་གྱི་རྫས་རྣམས་པ༔ སྐུ་གདུང་རིང་སྲེལ་བཅས་ཏེ་ལྷན་
ཅིག་ཏུ༔ རཏྣའི་ཟ་མ་ཏོག་སོགས་སྣོད་དུ་གཞུག༔ སྤྱི་བོར་བཅང་ངམ་སྙིང«་ཁ་མཆན་
ཁང་གཡོ
ན༔ བུད་མེད་ཡིན་ན་ཆང་ཁང་གཡས་པ་སྟེ༔ གང་ཡང་དྲོད་དང་མ་བྲལ་
ལུས་ལ་འཆང་༔ དེ་ཡང་རྒྱུ་མཚན་དུས་གནད་ངེས་པ་ལས༔ རྒྱས་པར་གསུང་ཕྱིར་
གནད་དོན་ཤེས་ར་བྱ༔
ལྔ་པ་བསྟན་རྒྱུད་
ཅི་ལྟར་བཀླག་པའི་ཆུལ༔ དུས་དང་སྦྱོར་བ་ལག!་ལེན་རྣམ་པ་
གསུམ༔ ང་པོ་དུས་ལ་སྦྱི་དང་བྱེ་བྲག་གཉིས༔ སྤྱིར་ནི་དུས་བཟང་ཉ་སྟོང་བརྒྱད་
སོགས་དང་༔ དབང་དང་ཚོག]ས་གཏོར་རྣལ་འབྱོར་འབྱུང་བཞི་འཁུས༔ རབ་ཏུ་
གནས་བྱེད་འདུ་བ་ཆེན་བོའི་ངུས༔ མདོར་ན་དགེ་དད་མི་དགེའི་ཆོ་འཕྲུལ་ལྟས༔
318