ཟི ༨ ༦ ཿདགོངས་འདུས་ཆོས་སྐོར༴
=་
གཡོ་བ་མེད་པར་བཙུགས་པ་ལ༔ རྒྱལ་བ་གས་མེད་སྤྱན་དྲངས་བསྟིམ༔ གང་
མཐོང་གྲོལ་མ་ཐོབ་པར་བསམ༔ ཨོ་ཨཱཿཧཱུཾ༔ རྡོ་རིང་རིན་ཆེན་བསམ་འཕེལ་དི༔
རྒྱལ་བ་རྣམས་ཀྱིས་བྱིན་བརླབས་ཤིང་༔ རྟགས་ཀྱི་རྟེན་དང་ལྡན་པའི་ཕྱིར༔ འདི་
མཐོང་འགྲོ་བ་ཐམས་ཅད་ཀྱི༔ ལུས་ངག་ཡིད་གསུམ་སྒྲིབ་བྱང་ནས༔ མཐོང་ལམ་
བདེན་པ་ཐོབ་པར་ཤོག༔ ངན་འགྲོའི་གཡང་ས་ཆོད་ས་ཀྱང་༔ མཐོ་རིས་ཡོན་ཏན་
ཀུན་ལྡན་ཏེ༔ ཐར་པའི་ལམ་སྣ་ཟིན་ར་ཤོག༔ འཁྲུལཔའི་པྟོས་པ་འགག་ས་
ཀྱོ
ང་༔ རང་བྱུང་ཡེ་ཤེས་མངོན་གྱུར་ནས༔ ཡང་ག་ངེས་དོན་པྟོགས་པར་ཤོག༔
བདེ་ཆེན་གནས་སུ་དབུགས་ཕྱཱུངས་ས༔ མྱུར་དུ་མྱ་ངན་འདས་ཐོབ་ཤོག༔ ཅེས་
པས་རྡོ་རིང་མཐོང་གྲོལ་གྱུར༔ ས་མ་ཡཱ༔
མཚན་ལྡན་མི་མོ་གྲགས་ཅན་གྱི༔ མགུལ་
དུའཁོར་ལོ་བཏགས་ནས་ནི༔ སེམས་མའི་ཚོགས་རྣམས་སྤྱན་དྲངས་བསྟིམ༔ དེ་
མཐོང་རྐང་བཞི་རྐང་མ
ང་སོག]ས༔ རིགས་མཐུན་འཁོར་བ་མཐའ་ཅན་མ༔ སྨོན་
མ་མཐུ་ཡིས་གྲོལ་ཞེས་གསུངས༔ ༀ་ཨཱཿཧཱུཾ༔ བཅོམ་ལྡན་སེམས་མའི་ཀྱིལ་འཁོར་
མཆོག༔ གཟི་བརྗིད་སྟོབས་འ་བྱིན་ཉོན་མོངས་ཛིལ༔ རྐང་བཞི་རྐང་མང་འགྲོ་བ་
རྣམས༔ ཐུགས་རྗེའི་རོལ་ས་བསྐྱབ་ཏུ་གསོལ༔ སྡུག་བསྔལ་སྲིད་པའི་མཚོ་ལས་
སྒྲོལ༔ དལ་འ་བྱོར་གྲུ་རིང་བརྙེས་ར་མཛོད༔ ཐུགས་རྗེའི་རྩལ་ཤུགས་མ་ཆུང་ར༔
ཡེ་ཤེས་ཕྱག་གིས་བསྙབ་ཏུ་གསོལ༔ ཅེས་པས་སྨོན་མ་གདབ་པར«་བྱ༔ ཌཱཀྐི་མི་
མོ
འི་མཐོང་གྲོལ་ལོ༔ ས་མ་ཡཱ༔
སྤྱོད་པ་སྐྱོ
ང་པའི་རྣལ་འབྱོར་ས༔ སྤྱི་བོར་རལ་པའི་ཐོར་ཅོག་བཅིང་༔ དེ་ཡི་ཁྲོད་
དུ་ཙཀྲ་གཞུ
ག༔ བླ་མ་ཡི་མ་མཁའ་གྲོ་ཡི༔ སྒུབ་མཆོད་ཅིའགྲུབ་བྱས་ནས་ཀྱང་༔
དཀྱིལ་འཁོར་གསུམ་དང་ལྡན་པ་ཡིས༔ ཅང་ཏིའུ་དཀྲོལ་ཞིང་གླིང་བུ་འབུད༔ ལུས་
ལ་
རྒྱན་གྱིས་རྣམ་པར་བརྒྱན༔ གར་སྟབས་འཆམས་ཤིང་ཉམས་རྟོགས་བསྐྱང་༔
350་