འཿགྱབ་ཆོས་སྤྱི་སྔོམ༴
ཞེས་སོ༔ གསུམ་གང་ཞེ་ན༔ ཉི་ཟླ་ཁ་སྦྱོར་ས༔ གཞི་གནས་ཀྱི་ཡེ་ཤེས་གསུམ་སྟེ༔
ངོབོ་ཀ་དག་གི་ཡེ་ཤེས༔ རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས༔ ཐུགས་རྫེརང་སྣང་གི་
ཡེ་ཤེས་སོ༔ ཞེས་གསུངས་སོ༔ ཡེ་ཤེས་དེ་དག་གི་མཚན་ཉིད་ནི༔ ཀློང་གསལ་ས༔
ངོ་བོ་ཀ་དག་ཡེ་ཤེས་ཏེ༔ མ་རིག་རྟོག་པ་ཀུན་དང་བྲལ༔ རང་བཞིན་ལྷུན་གུབ་ཡེ་
ཤེ
ས་ནི༔ སྟོང་གསལ་རང་མདངས་ཉིད་དུ་ནས༔ ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ནི༔
འགག་མེད་སྣང་སྟོང་ཉིད་དུ་ནས༔ ཞེས་པ་དང་༔ ཐུགས་ཀྱི་མེ་ལོང་ས༔ ཆོས་
སྐུའི་ཡེ་ཤེས་བསམ་འདས་བརྗོད་མེད་པ༔ ལོངས་སྐུའི་ཡེ་ཤེས་ཁ་དོག་མ་འདྲེས་
གསལ༔ སྤྲུལ་སྐུའི་ཡེ་ཤེས་ཙིར་ཡང་བསྒུར་དུ་བཏུབ༔ ཅེས་སོ༔
དེ་
ཡང་སོ་སོ་མ་ཡིན་ཏེ༔ ཡི་གེ་མེད་པ་ས༔ ཨེ་མ་ཧོ༔ ང་ཉིད་ལ་སྣང་བས་སྟོང་པ་
སྤངས་པར་རྫོགས་འོ༔ ང་ཉིད་ལ་གནས་ལུགས་ང་སྣང་ཐབས་གཉིས་མ་
སྤངས་པར་རྫོགས་པའོ༔ ཞེས་པ་ལ་སོགས་གསུངས་སོ༔ དེ་ལྟར་གནས་པའི་ཡེ་
ཤེས་གསུམ་པོ༔ དེའི་ངོ་བོ་ལ་འཁྲུལ་པ་མི་ནས་ཏེ༔ དཔེར་ན་ཉི་མའི་སྙིང་པོ་ལ་
མུན་པའི་གཞི་མེད་པ་ལྟར༔ ངོ་བོ་ལ་རིག་མ་པིག༔ འཁྲུལ་མ་འཁྲུལ་མ་དུ་གྲུབ་
པ་མེད་དེ༔ མུ་ཏིག་ཕྲེང་བ་ས༔ ཐོག་མ་ཉིད་ཀྱི་ཀ་ག་ལ༔ འཁྲུལ་མེད་ཙམ་དུ་
བརྗོད་དུ་མེད༔ དེ་བཞིན་མ་འཁྲུལ་པ་ང་ཅི༔ དེ་བཞིན་འཁྲུལ་པ་གདོད་ནས་ག༔
ཅེས་སོ༔
ཡེ་ཤེས
གསུམ་པོ་དེའི་རང་བཞིན་གསལ་ས་ཕྱོགས་ལྷུང་དང་བྲལ་ཞིང་རིས་སུ་མ་
ད༔ ཐུགས་རྗེ་འགག་མེད་ཀུན་ཁྱབ་ཏུ་བཞུགས་པས༔ ཆོས་ཐམས་ཅད་དང་མཐུན་
་ཙིབདུ་
མ་ཆ་ཤས་དང་བྲལ༔ ངོ་བོ་སྟོང«་པར་ཞུགས་པས༔ རྟག་ར་མ་ལྷུཔ༔
རང་བཞིན་གསལ་ས་ད་མཐར་མ་ལྷུང་༔ ཐུགས་རྗེ་ཀུན་ལ་ཁྱབ་པསགཉིས་ཀའི་
ཕྱོགས་སུ་མ་ལྷུང་པའོ༔ དེ་ལྟར་ང་༔ ་སྟོང་དང་གསལ་ང་མི་གག་ཕྱིར༔ རྒྱ་ཆད་
47