ཟི ༨༦༴རྒྱབ་ཆོས་སྤྱི་སྡོམཿ

པཉཐ
གས་པ་ལ་སྦྲུལ་དུ་སྣང་བའམཉདུང་ལ་སེར་པོར་སྣང་བ་ལྟ་བུ༔ གཞིའི་གནས་
ལུགས་མ་ཤེས་ས༔ ང་སྣང་ཨ་འཐས་སུ་འཁྲུལ་པའོ༔ མུ་ཏིག་ཕྲེང་བ་ལས་ཀྱང་༔
འཁྲུལ་ཞི་རྣམ་པ་མང་བཤད་ཀྱང་༔ ལྷུན་གྲུབ་ང་ནི་ཐུགས་རྗེའོ༔ ཞེས་སོ༔ ད་མ་
རིག་པའི་འབྲས་བུ་ནི་སུམ་སྟེ༔ འཁྲུལ་པ་ལུས་ཀྱི་གྲུབ་ཆུ་ལ༔ ཡེ་ཤེས་གསུམ་གྱི་
འཁྲུལ་ཆུལ༔ འཁྲུལ་པའི་འབྲས་བུ་བྱུང་ཚུལ་ལོ༔
དང་པོ་འཁྲུལ་པ་ལུས་ཀྱི་གྲུབ་ཆུལ་ནི༔ མ་རིག་པའི་དབང་དེས༔ འབྱུང་བ་གདོས་
བ་ཅས་ཀྱི་ཕུང་པོ་དངོས་སུ་གྲུབ་སྟེ༔ དེ་ལ་ཉོན་མོངས་པའི་སྒོ་ཐད་སོར་])ཐམས་ཅད་
སོསོར་གྦབ་ནས༔ ས་ངན་སྣ་ཚོགས་ལ་སྤྱོད་འོ༔ དེ་ལ་བརྟེན་པའི་ཡེ་ཤེས་
གསུམ་པོ་ནི༔ ང་བོ་རྟོག་པར་འཁྲུལ༔ རང་བཞིན་སེམསུ་འཁྲུལས༔ ཐུགས་རྗེ་
ཚོགས་དྲུག་ཏུ་འཁྲུལ་ཏེ༔ ཉོན་མོངས་པའི་ས་ཐ་དག་ཤ!ར་བའོ༔ མ་རིག་པ་ཡོངས་
སུ་རྫོགས་པའི་འབྦས་བུ་ནི༔ རང་ར་ས༔ འདོད་དང་གཟུགས་དང་གཟུགས་
མེད་ཀྱི༔ ཁམས་གསུམ་པོ་ནི་དེ་ལ་བརྟེན༔ ཡོད་མིན་མེད་མིན་ཅི་ཡང་མེད༔ རྣམ་
ཤེས་ཙུང་ད་མེད་པ་ཡི༔ གཟུགས་མེད་རྣམས་ནི་དེ་ལས་སྐྱེས༔ གནས་གཙང་ལ་
སོགས་གཟུགས་ཅན་ནི༔ གོང་ནས་འོག་ཏུ་ཐིགས་པའི་ཆུ་ལ༔ )གོང་ནས་གོང་དུ་ཐེག་
པའི་ཆུ
ལ༔ ། འོག་མིན་ལ་སོགས་འདོད་འོ༔
ལྷདང་ལྷ་མིན་མི་རྣམས་ནི༔ མངོན་ཐོ་དེ་ན་ས་ངན་སོང་ནི༔ བྱོལ་སོང་ཡི་དྭགས་
དམྱལ་བ་དང་༔ སེམས་ཅན་དེ་ག་སྐྱེ་བ་ཞི༔ དེ་ལྟར་འཇིག་རྟེན་གསུམ་པོ་ཉིད༔
ཕུང་པོ་ལྔ་དང་དབང་པོ་ལྔ༔ ཡན་ལག་ལྔ་དད་དོན་སྙིང་ལྔ༔ ཡུལ་ལྔ་དང་ནི་ཉོན་
མོངས་ལྔ༔ སེམས་ལྔ་ཡུལ་ལྔ་རྟོག་པ་ལྔ༔ གཟུང་འཛིན་འཁོར་བ་ཉིད་དུ་གྲུབ༔
ཅེས་སོ༔ དེ་ལྷར་འཁྲུལ་པའི་འགྲོ་བ་དེ་དག་གི༔ འཁྲུལ་འི་རྒྱུ་རྐྱེན་འབྲས་བུ་གཅིག་
ཀྱང་གཟུགས་དང་སྣང་གཞི་ཐ་དད་དེ༔ ཐལ་འགྱུར་ལས༔ ཕུང་པོ་རྣམས་དང་ཁམས་
451