ཨ༔ ༴ ༔ རྒྱབ་ཆོས་སྤྱི་སྡོམཿ
=
གྲོང་ཁྱེར་གྲུབ་པས༔ དེ་ལ་རྩའི་དྲ་བ་གྲས་ངོས་བཟུང«་བ་དང་༔ མ་བཟུང་བ་གྲུབ༔
དེ་
ལ་ཐིག་ལེ་ས་ཁྱབ་ཅིང་༔ ཐིག་ལེ་ལའང་༔ དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་ང་༔ ཀུན་
རྫོབ་རྒྱུའི་ཐིག་ལེ་གཉིས་ལས༔ ཀུན་རྫོབ་རྒྱུའི་ཐིག་ལེ་ནི༔ བྱུང་བ་ལྔ་ཡི་དངས་
མ་
ཡིན་ཏེ༔ ཡུམ་ཆེན་ལྔ་དངོས་ཡིན་ཅིབ༔ མཁའ་འགྲོ་མ་རྣམས་ཀྱི་སྲོག་ཡིན་ནོ༔
དོན་དམ་ཡེ་ཤེ
ས་ཀྱི་ཐིག་ལེ་ང་དེ་ཉིད«་ལ་གནསཏེ༔ གཉིས་མེད་དུ་ཡོད་འོ༔ དེ་
ཡང་ཐོག་མར་འཁོར་ལོ་ལྔའི་རྩ་ཐམས་ཅད་ཀྱི་ལྟེ་བ་རྩ་མདུད་ཀྱི་ནང་ན༔ ཕ་མ་
གཉིས་ཀྱི་ཐིག་ལེ་ཉངས་འབྲུ་ཙམ་མ་འདྲེས་ཤིབ༔ སོ་སོར་རྒྱ་སྐག་དང་༔ དངུལ་ཆུའི་
རྣམ་པ་ལྟ་བུ༔ ཁ་དོག་ལྔ་ལྡན་ཡི་གེའི་གཟུགས་སུ༔ སྙིང་ཀ]ར་ཨ་དང་མ༔ མགྲིན་
པར་ར་དང་ཙ༔ སྤྱི་བོར་ཧཾ་དང་ར༔ ལྟེ་བར་ནི་དང་ཧྲི༔ གསང་བར་ས་དང་ཡ༔
རྩ་
འདབ་གྲངས་ཅན་དང་༔ གྲངས་མེད་ར༔ བ་སྤུའི་བུ་ག་དང་མཉམ་པ་ཐམས་ཅད་
དུ༔ ༔ ཕ་མ་གཉིས་ཀྱི་རྒྱུའི་ཐིག་ལེས་ཁྱབ་པས༔ ཐིག་ལེ་དེ་དག་ནི་ཡེ་ཤེ]ས་ཀྱི་རྩལ་
ས་བཱུང་ཞིང་༔ འབྱུང་བ་ལྔ་འདུས་ཀྱི་དངས་མ་ཡིན་པས༔ དེ་ནི་འདས་པ་དང་༔ མ་
འདས་པ་ཐམས་ཅད་ཀྱི་སྲོག་ཡིན་ཅིང་༔ དཔའ་བོ་མཁའ་གྲོ་ཏིལ་གྱི་འུ་ཁ་ཕྱེས་
བ་ལྟར༔ རང་གི་ལུརས་ལ་ཁྱབ་པར་གནས་སོ༔
དེ་དག་ལ་ཡེ་ཤེས་ཀྱི་ཐིག་ལེ་ཏིལ་ལ་མར་གྱིས་ཁྱབ་པ་ལྷར་གནས་པ་སྟེ༔ རང་
ལུས་རྒྱལ་བའི་ཀྱིལ་འཁོར་དུ་ཞེ་ས་པའོ༔ དེ་ང་༔ སྒྲོན་གསལ་ས༔ ཐོག་མ་འི་
ཀ་ག་ཡེ་ཤེས་རྩལ༔ འབྱུང་བ་ལྔ་ཡི་ཡུལ་ལ་ཤར༔ འབྱུང་ལྔའི་འོད་ལ་འཛིན་པ་
འདུས༔ དེ་ཉིད་མ་གྲོལ་དེར་འཛིན་ནས༔ འབྱུང་པ་ལྔ་ཡི་དངས་མ་དྡུས༔ ༔ ཅིག་
གྲོག།ས་གཙིག་གིས་བསྐྱེད་པ་ས༔ ཤ]་ཁྲག་ལུས་རྩ་ཐིག!་ལེ་གྲུབ༔ ཡི་གེ་སྐུ་དང་ཡེ་
ཤེས་གྲུབ༔ དེ་ལ་ཕྱི་ནང་འབྱུང་བ་ལྔ༔ ང་ལྟར་ཡུམ་ཆེན་ལྔ་དངོས་ཡིན༔ གསང་
བ་མཁའ་འགྲོ་སྡེ་ལྔ་ཡིན།༔ ང་གསང་ཡེ་ཤེས་ལྔ་ཡིན་ནོ༔ ཕྱི་ལྟར་འཁོར་ལོ་ལྔ་
475