1 ཿདགོངས་དུས་ཆོས་སྐོར་༔
=
གང་ལའང་མི་འཛུག་པར་ཉམས་སུ་བླང་པོའདུས་བྱས་ཀྱི་དགེ་གཅིག་པུས་ཀྱང་
སངས་མི་རྒྱ་སྟེ༔ འདི་སྒོམ་པའི་བར་ཆད་དུ་འགྲོ་ས་མི་བྱའོ༔ འདི་ཉིད་བར་མ་
ཆད་པར་ཉམས་སུ་བླངས་ན༔ ག་མེད་དུ་སངས་རྒྱ་ས༔ དགེ་བ་ཐམས་ཅད་ཀྱི་
ང་ན་མཆོག་གོ༔
འདི་ནི་སངས་རྒྱས་དངོས་ཀྱི་ཞལ་མཐོང་ས༔ སྡིག་པ་བྱ་དོན་མེད་དོ༔ འདི་ནི་རང་
དོན་རྐྱང་པ་སྟེ༔ གཞན་དོན་མེད་དོ་སྙམ་ན༔ འདུས་བྱས་ཀྱི་གཞན་དོན་གྱིས་སངས་
མི་རྒྱ༔ དེས་ན་ཟང་ཟིང་གཞན་ཅི་ཡང་མི་བྱ༔ འདི་བར་མ་ཆད་པར་བསྒོམས་ན༔
ཟག་མེད་དུ་སངས་རྒྱ་འི་ཚེ༔ ཐུགས་རྗེའི་ཡེ་ཤེས་ཀུན་ཁྱབ་ཉི་མ་ཤར་བ་ལྟ་བུས་
ཁྱབ་ཅིང་༔ ཕྱོགས་མེད་དེ༔ འགྲོ་དོན་ཐམས་ཅད་ཀྱི་ནང་ནས་ཆོག་ཏུ་གྱུར་འོ༔
ཡེ་ཤེས་ཀྱི་རྩལ་འབྱུང་བའི་ངས་མ་ས་གུབ་པའི་ལུས་འདི་ལ༔ དེ་ལྟར་ཐོག་མ་
ནས་དབྱེར་མེད་དུ་གནས་ཏེ༔
ང་ཤ་ར་ལས༔ ལུས་ལ་ཡེ་ཤེས་ཆེན་པོས་ཁྱབ༔ ཏིལ་འབྲུ་ལ་ནི་མར་བཞིན་ནོ༔
ཡེ་ཤེས་རླན་
གིས་ཁྱབ་པར་བྱེད༔ ཅེས་གསུངས་སོ༔ རྒྱལ་འི་དགོངས་པ་ངོ་བོ་
རང་བཞིན་ཐུགས་རྗེ་གསུམ་གྱིས་ཁྱབ་སྟེ༔ རང་ཤར་ལས་ཀྱང་༔ དེ་ཡང་རིག་འི་
སྶུ་དང་ལྔན༔
སྐུ་ལ་ཡེ་ཤེས་འགགས་མེད་གསལ༔ ཡེ་ཤེས་ལས་བྱུང་འོད་དུ་ཡོད༔
ཅེས་གསུངས་སོ༔
དེལྟར་གནས་པའི་ཡེ་ཤེས་ཀྱི་རང་བཞིན༔ རྒྱལ་བའི་སྙིང་པོ་དེས་ཀུན་ལ་ཁྱབ་ས་
ན༔ ༔ ལུས་ལ་མ་ཁྱབ་པའི་དོན་མེད་དོ༔ དེ་ཉིད་ས༔ ལུས་ལ་ཡེ་ཤེས་ཆེན་པོ་ནས༔
འདི་ཉིད་ཡེ་ཤེས་ཆེན་པོ་ཉིད༔ ཐམས་ཅད་ལུས་ལ་རྣམ་པར་ནས༔ ཞེས་གསུངས་
སོ༔ ༔ གནས་པའི་ཡེ་ཤེས་དེའི་ངོ་བོ་ནི༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མོ༔ ངོ་བོ་
ཀ་དག་སྤྲོསབྲལ་ཙིའི་ངོ་བོར་ཡང་མ་གུབ་པར་གནས་སོ༔ རང་བཞིན་ལྷུན་གྲུབ་ནི༔
480