མ༔ ༔ དགོངས་འདུས་ཆོས་སྐོར༴
སྐུར་གསལ་བ་དེ་གཞི༔ དེ་གཞན་ནས་པཙལ་མི་དགོས་ཤིང་དེར་འཛིན་མེད་པ་དེ་
མ༔ དེའི་དོན་མ་ཆགས་དྲི་ས་མ་གོས་པར་སྣང་བ་དེ་འབྲས་བུའོ༔ ཡང་གཞིའི་
རིག་པའི་རྩལ་དོན་གྲུབ་ཏུ་ལ་བ་དེ་གཞི༔ དེར་འཛིན་གྱི་དྲི་མ་དང་བྲལ་བ་དེ་
མ༔ དེའི་དོན་ཡེ་ཤེས་སུ་མྱ་ན་ས་འདའ་འབྲས་བུའོ༔ དེ་ལྟར་ཐམས་ཅད་
ལ་ཞི་མ་འཔྲབུ་གསུམ་གསུམ་དུ་ངོ་སྤྲད་པར་བྱའོ༔ ཡང་རིགས་ལྔང་སྦྱར་
ན༔ ༔ ཞི་རིག་པའི་ཡེ་ཤེས་གསལ་སྟོང་ཉིད་ལ༔ སངས་རྒྱས་ཐམས་ཅད་ཀྱི་གཤེགས་
ཤུལ་ཡིན་ས༔ ཿདེ་ཞིན་ཤེགས་པའི་རིགས༔ ཞི་དེ་ས་གང་དུའང་མི་འགྱུར་
བརྟན་ས་རྡོ་རྗེའི་རིགས༔ གཞི་དེ་ལ་ཡོན་ཏན་མས་ཅད་རང་བཞིན་ལྷུན་གྲུབ་ཏུ་
བྱུང་ས་རིན་ཆེན་རིགས༔ གཞིའི་རིག་པ་ཡེ་ཤེས་དེ་ལ་སྐྱོན་ཐམས་ཅད་ཀྱིས་མཿ་
གོས་ས་པདྨའི་རིགས༔ གཞིའི་རིག་པ་དེ་ཉིད་མ་རྟོགས་པས་སངས་མི་རྒྱ་ས་
ལས་ཀྱི་རིགས་སོ༔ འོད་ལྔ་དང་སྠྱར་ན༔ རིག་པ་ཡེ་ཤེ1 ས་དེ་དྲི་མ་མེད་ས་འོད་
དཀར་པོ༔ དེ་ལ་ཡོན་ཏན་རྫོགས་ས་སེར་པོ༔ མ་བཙལ་བཞག་ས་དམར་པོ༔
བྱ་རྩལ་རྫོགས་ས་ལྗང་གུ༔ མི་འགྱུར་ཁྱབ་པས་མཐིང«་ཀ ༩ ༔ གདོད་ནས་ཡེ་ཤེས་ཀྱི་
གསལ་ཆ་འོད་ཁ་དོག་ལྔ་ལྡན་དུ་བྱུང་ངོ༔
དེ་ཡང་ཡེ་ཤེས་ལྔ་དངོས་ཡིན་ནོ༔ ཡུལ་ལྔ་དང་སྦྱར་ན༔ རང་རིག་པའི་ཡེ་ཤེས་སྣང་
རང་བཞིན་མ་གྲུབ་པ་ནི་འོད་གསལ་ཆ༔ མིག་གི་ཡུལ་དུ་མ་ལགས་བར་སྣང་
བས་ཡེ་ཤེ1)ས་ཀྱི་ཡུལ༔ རྣ་བར་སྒྲ་མ་འགགས་ར་ཤར་ཡང་མཚན་ཉིད་སྷོང་པས་སྒྲ་
གྲག་སྟོང་གི་ཡུལ༔ སྣ་དང་དྲི༔ ལྕེ་དང་རོ༔
གང་ལྟར་སྣང་ད་རང་བཞིན་གྱིས་སྟོང་
པ༔ ༔ དྲི་རོ་སྣང་སྟོང་གི་ཡུལ༔ ལུས་རེག་བྱ་འཇམ་རྩུབ་གང་ཡང་འཛིན་མེད་རང་
ཞིན་སྟོང་ས༔ བདེ་སྡུག་དྲན་སྟོང་གི་ཡུལ༔ ཡིད་ལ་པདེ་སྡུག་གང་བྱུང་ཡང་༔
རང་ཤར་རང་གྲོལ་ས༔ ་ཤར་གྲོལ་དུས་མཉམ་གྱི་ཡུལ་ལོ༔ འབྱུང་བ་ལྔ་ང་སྦྱར་
་486