རཉདགོངས་འདུས་ཆོས་སྐོར༔
གིས་གནས་ཤིང་ལུས་ངག་ཡིད་གསུམ་དཀོན་མཆོག་གསུམ་བསྙེན་པས་སྐུ་གསུམ་
འདུ་འབྲལ་མེད་པ་ལ་གནས་འོ༔ དེ་བཞིན་དུ་ང་བྱེ་བྲག]་སྨྲ༔ ཉན་ཐོས་ཀྱི་བྱེ་
བྲག་ཏུ་སྨ་འི་ཆུལ་གྱི་ཁ་འཛིན་པ༔ དོན་དམ་ཀུན་རྫོབ་གཟུགས་ཀྱིས་སོ༔ དོན་
དམ་གྱི་དོན་དམ་མཐའ་ལས་འདས་པ༔ དོན་དམ་གྱི་ཀུན་རྫོབ་དྲང་དོན་དུ་གསུངས«་
འི་ཚོས་ཀུན་རྫོབ་ཀྱི་དོན་མ་འཇིག་རྟེན་ཐམས་ཅད་ཀུན་རྫོབ་ཀྱི་ཀུན་རྫོབ་སྒྱུ་
མའི་དཔེ་བརྒྱད་ལ་སོགས་འོ༔
རྒྱུད་ཀྱི་རྩ་བ་འདི་ཉིད་རང་༔ བསྟན་པ་བུ་གཅིག་པོ་འདི་ལ་སྐུ་གསུང་ཐུགས་ཡོན་
ཏན་ཕྲིན་ས་ཐམས་ཅད་ཀྱི་རྩ་བ་སྟེ་ཡོངས་སུ་རྫོགས་འོ༔ ལྷ་ཡི་རྣལ་འབྱོར་དི་
སྔགས་ཡི
ན༔ ཕྱི་ནང་གི་བསྐྱེད་རྫོགས་བཟླས་འི་སྦོག་ཀྱང་འདིར་དྡས་པའོ༔
ལུ
ང་ཆེན་རྣམས་ཀྱི་དམ་པ་འ་དི༔ མདོ་རྒྱུད་མ་ལུས་པའི་སྙིང་པོ༔ ཆོས་རྣམས་རོ་
གཅིག་འདྲེས་འི་རྟེན༔ ཐེག་པ་ཐམས་ཅད་སྐུ་གསུམ་གྱི་རང་བཞིན་དུ་གཉིས་མེད་
སྤང་བླང་མེད་པའོ༔ སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས༔ སྣང་སྲིད་འཁོར་འདས་ཀྱི་
ཆོས་རྣམས་རང་གསལ་བ་རྗོད་མེད་འཁྲུལ་མ་མྱོང་འི་དཔོ་མེད་རྒྱབ་མདུན་མཐའ་
དབུས་ས་འདས་འོ༔
བླམེད་འཁོར་ལོ་སྐོ་བའི་ནས༔ སྐུ་གསུམ་ཡེ་ཤེས་ལྔའི་ར་ར་གསང་བ་བླ་
མེད་སྐུ་གསུམ་གྱི་ཆོས༔ དབང་པོ་རྣམས་ཀྱི་དམིགས་གཏད་ཡིན༔ འགྲོ་པ་མ་ལུས་
པའི་དམིགས་སོགས་འཆུག་མེད་དོ༔ ཤེས་བ་རྣམས་ཀྱིས་རྟོགས་འི་ས༔
རྨོས་པ་འབྱེད་པ༔ རྣམ་པྟོག་གཅོད་པ༔ ཉོན་མོངས་སྒྲོལ་བ༔ སྐུ་དང་ཡེ་ཤེས་
མངོན་སུམ་དུ་བྱེད་འོ༔ སྐུ་གསུམ་ལམ་དུ་སློང་འི་རྟེན༔ སྐལ་ལྡན་ལ་ངོན!་
སུམ་དུ་ཆོས་སྐུ་སྐྱེ་མེད་མཐའ་བྲལ༔ ལོངས་སྐུ་འགྲིབ་མེད་ཞི་ཁྲོ་རང་གསལ༔ སྤྲུལ་
སྐུ་འགས་མེད་ཀུན་ཁྱབ་ཏུ་སྣང་བའོ༔ ཐིག་ལེ་མངོན་དུ་འབྱིན་འི་མིག༔ སྐུ་
290
NextPage