ཨི་༔ ༔ རྒྱབ་ཆོས་སྤྱི་སྔོམ༴
=~
དེའི་གསལ་དངས་འོད་དུ་ཤར་ས༔ ཡེ་ཤེས་གསུམ་ཞེས་མིང་དུ་ཏགས་༔
རྩལ་རྫོས་ས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ སྙིང་པོ་ཡེ་ཤེསུམ་
བརྩེགས་ཏེ༔ ཞེས་གསུངས་སོ༔ དེ་ཡང་གསུ་མ་དུ་དབྱེར་ཡོད་པ་མ་ཡིན་ཏེ༔ གཞི་
མ་རིག་པ་ས་ལུས་གྲུབ་ཀྱང་༔ དེ་ངོ་མ་ཤེས་ཙམ་ན༔ ཐོག་མཐའ་བར་གསུམ་ཡེ་
ཤེས་ལས་མ་འདས་པ་ནི༔ ་ང་ཤ1 ར་ལས༔ རིག་པ་པྟོག་པ་མེད་པ་ཆོས་སྐུ་ཡིན་༔
རིག་པ་མ་འགགས་གསལ་བ་ལོངས་སྐུ་ཡིན༔ རིག་པ་ཅིར་ཡང་སྣང་བ་སྤྲལ་སྐུ་ཡིན༔
ཞེས་གསུངས་སོ༔
དུ་མར་སྟོན་ཀྱང་ལུས་སེམས་དབྱེར་མེད་དེ༔ ཐལ་འགྱུར་ས༔ ལུས་ཅན་སེམས་
ཀྱིས་ཁྱབ་པའི་ཕྱིར༔ སངས་རྒྱས་མ་ཡིན་སེམས་ཅན་མིན༔ ཞེས་གསུངས་སོ༔
འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ལ་མ་ཆ་ང་བ་མེད་དོ༔ རྒྱུད་ས༔ འཁོར་
དང་ལྡན་པའི་ཆོས་རྣམས་ནི༔ ལུས་དང་སེམས་ལ་ང་མེད༔ ཅེས་གསུངས་སོ༔
ཀློང་གསལ་ས༔ ཐོག་མཐའ་བར་གསུམ་སངས་རྒྱས་ཀྱི་དགོངས་པ༔ སྐུ་གསུམ་
ཡེཤེས་ལྔ་ཡི་བདག་ཉིད་ངུ༔ འཁྲུལ་པ་དང་མ་འཁྲུལ་མེད་པར་སྟོན༔ ཅེས་གཞི་འི་
རིག་པ་ཡེ་ཤེས་ཀྱི་ངོ་བོ་དེ༔ བར་དུ་མ་ཤེ!ས་པས་འཁྲུལ་དེ་ལུས་བླངས༔ དེ་ལང་
སྐུ་དང་ཡེ་ཤེས་དྡུ་འབྲལ་མེད་པར་ཞུགས་པར་བསྟན་ནས༔ འདི་ན་ས་དེ་ལྷ་བུའི་
སྐུ་དང་ཡེ་ཤེས་དེ༔ སྦྱི་ཁྱབ་ཏུ་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གནས་ཏེ༔ ངོ་བོ་
ཡེ་ཤེས་ཀྱི་རྩལ་ལོ༔ དེ་ཡང་ར་དུ་མ་རིག་པས༔ རིག་པའི་ཡེ་ཤེས་ངོ་མ་ཤེཏེ༔
ཡེཤེས་ཀྱི་སྣང་བ་ལ་འཛིན་བ་སྐྱེས་པས་འུས་བླངས༔ ཤ་ཁྲག་དངོས་སུ་གུབ་ས༔
དེལྟར་རིག་པ་ཡེ་ཤེས་དེས་ལུས་ལ་ཁྱབ་པར་ནས་ཀྱང་༔ ཁྱད་པར་དུ་ང་པོ་
གཞིའི་ཡེ་ཤེས་དེ༔ འཛིན་པར་འདུས་ས་འབྱུང་བ་ལྔའི་དངས་མ༔ ཕ་མའི་ཁུ་ཁྲག་
རྒྱུའི་ཐིག་ལེ་
ལས༔ འབྱུང་བ་ལྔ་གཅིག་གིས་གཅིག་བསྐྱེད།ས༔ ལུས་རྩའི་འཁོར་
483
NextPage