www.dharmabook.ru




༄༅། །མཆོད་འབུལ། དགེ་འདུན་གྱི་སྡེ་མང་པོར་གྲ་ཇ་གྲལ་འགྱེད་སོགས་སྐུ་རིམ་རྒྱ་ཆེན་པོ་མཛད། ཟླ་བ་གསུམ་པའི་ནང་དུ་གོང་ནས་སྤྱན་འདྲེན་གྱི་བཀའ་ཤོག་
ཕེབས་པལྟར་ཚིབས་བསྒྱུར་གདོང་། སྡིངས་པོཚེནས་སྤྲུལ་སྐུ་རིན་པོ་ཆེ་སྐུ་བསྙུང་བབའི་ཐུགས་དམ་བརྟགས་པནུབའིསམྦུ་ཊ་འབྱོརདུསབཀའ་ལས་མདང་མི་ལམ་ཤིན་ཏུ་འཚུབས་པ་
བྱུང་བས་ད་ལམ་ཅིས་ཀྱང་ཕན་པ་མེད་གསུང་བ་ལྟར་མི་རིང་བར་སྐུ་གཤེགས་འདུག་ཅིང་ཕྱིསཧོར་དྲིལ་ཤང་ཤང་མ་སོགས་ཀྱི་བསྔོ་རྟན་ཀྱང་འབྱོར། རིམ་པརཚིབས་བཏེག་སྟེབྱེ་ལ་
བརྒྱུད་ཕོ་བྲང་རྩེར་ཕེབསནས་གོངཞབས་ཡས་ལྗིང་ལ་ཕྱག་འབུལམཛད། དེ་ནས་ཡས་ལྗིང་གདན་འཛོམ་པར་། ཚེ་དབང་། གུ་རུ་དྲག་པོའི་དབང་། གཟའ་དབང་། །
སྐྱེར་སྒང་བའི་རྟ་མགྲིན་གྱི་དབང་རྣམས་དང་། འཚི་བསླུ། བྱད་འགྲོལ། གདོནའགྲོལ་སོགས་སྐུ་རིམ་མང་དུ་མཛད། དབང་བཀའ་སོསོར་གསེར་སྲང་རེ། དངུལ་གྱིམཎྜལ། །
ཁ་བཏགསཉི་བདེ་མ་། གོས་ཡུག་རེ་སྟེཡོནགྱནོམ་པར་སྩལ། དེ་ཇེས་གོངཞབས་སུ་དོ་རྡེ་གླིང་པའི་གཏེརཚོས་ཀྱི་དབང་ལུང་འཕྲོརྣམས་ཡོངས་རྫོགས་འདུལ་བར་མཛད་ཅིང་དབང་