www.dharmabook.ru




༄༅། །རྣམ་པ་སྒྲིབ་གཉིས་དགཚགསདང་བཅས་པ་མཐའ་དག་སྤངས་པ་རྣམ་པར་གྲོལ་བའི་སྐུ་ནིསྤོང་བ་ཚེན་པོ་དང་། ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་མངོན་སུམ་
། གྲཟིགས་པ་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཡང་དག་པའི་སྐུནིརྟོགས་པཚེནཔོདང་། དེཉིད་ཀྱིམཐུལས་མཐའ་ཡས་པའི་འགྲོ་བའི་ཁམས་ཐམས་ཅད་དུ་སྐུ་གསུང་ཐུགས་ཀྱི་རྣམ་པར་།
རོལ་པ་ཚད་མེད་གྲངས་མེད་པའི་ཚུལ་གྱིས་རབ་ཏུ་འཇུགཏཅིང་རྒྱུནམིཚད་པས་སེམས་ཅན་གྱི་དོན་མརྫདཔའི་ཕྲིནལས་ལྕུན་གྱིས་གྲུབ་པནིསེམས་ཚེནཔོསྟེ་། ཚེནཔོ་གསུམ་གྱིམཚན་
། ཉིད་ཀྱིས་འབྲས་བུའིམཚོག་ཡོངསལསུ་རྫོགས་པར་གསུངས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུན་མོང་གི་ངང་ཚུལམ་དོར་བརྗོད་པ་ཡིན་ལ། དེའི་ཕྱིར་བདགཏཅགགི་རྣམ་འདྲེན་མཚུངསཟླ་
། དང་བྲལ་བ་མཚན་བརྗོད་པར་དཀའ་བ་གཏེར་ཆེནཚོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ་འཇིགས་བྲལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་བྱ་བམཛོག་གི་དཔལ་ལྡན་བླ་མ་
དམ་པ་འདིའི་སྐུ་གསུང་ཐུགས་ཀྱི་རྣམ་པར་ཐར་པ་དང་མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་ཐར་པ་དང་རོ་གཅིག་པའི་ངོ་བོ་ཉིད་དུ་གྲུབ་པའི་ཕྱིར།