དད་སྤྲོ་ཐོབ་པ་དུ་མ་གསར་དུ་སྣང་བར་མཛད་པས། གཏེར་ཆེན་སྐུ་
མཆེདའདིདག་གསང་བདག་རྡོརྗ་ཆོས་ཀྱི་སྤྲུལ་བར་གྲགས་པ་དོན་།
ལ་གནས་པ་སྔོན་དུས་རྨ་གཉགས་གནུབས་གསུམ་དང་ཟུར་མེས་
དབོན་རྣམ་དབྱེར་མེད་པའི་ཚུལ་ཀཿཐོག་དགེ་རྩེ་པནྜི་ཏའགྱུར་མེད་།
ཚེ་དབང་མཛོག་གྲུབཀྱིཞལ་སྔནས་། དེང་སང་གི་དུས་སུ་སྔ་
འགྱུར་བཀའ་མའི་ཕྱོགས་པ་བཤད་སྒྲུབ་ཀྱི་སྒོ་མ་ནུབ་ཙམ་དང་།
ལུང་གིམཐའ་རྟེནཔ་མ་ཚད་ཙམ་དུ་ཐོས་བསམ་བྱར་ཡོད་པ་འདིནི་
དམ་པ་འདི་དག་གི་བཀའ་དྲིན་ལས་བྱུང་བ་ཡིན་པར་སྔ་འགྱུརཇེས་
ཞུགས་ད་ལྟ་དང་སླད་ནས་འབྱོན་པར་འགྱུར་བ་ཐམས་ཅད་ཀྱིས་
ཤེས་དགོས་ཤིང་། སྐུ་མཚེད་འདི་དག་གིསམརྫད་པའི་བསྟན་
བཅོས་རྣམས་ཀྱང་ངོ་བོའི་སྒོ་ནས་འཕགས་ཡུལ་ནས་བསྒྱུར་བའི་
སྔོན་གྱི་སློབ་དཔོན་ཆེན་པོ་རྣམས་ཀྱི་བསྟན་བཅོས་དང་ཁྱད་པར་
དམིགས་སུ་མེད་པའི་ལེགས་བཤད་ཆེ་བའང་མངོན་སུམ་གྱིས་གྲུབ་
ཅིང་། རང་ལུགས་བསྟན་པ་མུན་པ་ལྟར་མི་གསལ་བའི་སྐབས་པུ་