ཀྱང་བརྡུགས་པར་འགྱུབར་ན་མོངས་བདགནས་འདིར་ཅི་ཕིར་སྦོལ། །འོན་ཀྱངབཡོན་ཏན་རླབས་འཕྲེང་རབ་བཞད་མཛད་པའི་ཆུ་ཀླུང་ཇི་སྙེད་ཀུན། །མ་ལུས་འཇུག་པར་མ་གྱུར་ན་ཡང་།
དད་པའི་རྔ་རམབ་རྩེམོཡིས། །ཆུ་ཐིགས་རྩམ་ཞིག་བླངསཔ་ཡིས་ཀྱང་སྲིད་པའི་རྔ་གདུང་ཀུན་སེལན་། །འདི་བརྗོད་དོན་དང་ལྡན་པ་ཉིད་ཕྱིར་དྭང་བའི་དབྱངས་ཀྱིས་བརྗོད་པར་བ་བྱ། །དེ་།
ཡང་ངོ་མཚར་རྨད་བྱུང་མཛད་པའི་གཏམ། །ཐོསན་དད་པའི་སྤུ་ལོང་གཡོ་བ་དང་བ། བྱང་ཆེན་སྤྱོད་ལ་འདྲེན་པའིཤིང་རྟ་བཞིན། །ཐར་འདོད་གདུང་སེལ་དགའ་སྟོན་འདིནའོ། །
འདིར་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་ཕུང་པོ་མ་ལུས་པ་གཅིག་ཏུ་བསྡུས་པའི་བདག་ཉིད། །
ཁམས་གསུམ་པ་ཐམས་ཅད་ཀྱིས་ཞབས་ཀྱི་པདྨོ་ལ་ཕྱག་བྱསཤིང་ཚོས་ཀྱི་རྒྱལག་སྲིདབ་མཐའ་དག་ལ་དབང་སྒྱུར་བའིངོས་ཀྱི་དབང་ཕྱུག་ཆེན་པོ་མཚན་བརྗོད་པར་དཀའ་བ་འགྲོའདུལགཏེར་།
བདག་གླིང་པ་ཞེས་ལྷ་དང་བཅས་པའི་འཇིག་རྟེན་དུ་ཡོངས་སུ་གྲགས་པ་འདི་ཉིད་ཀྱི་རྣམ་པར་ཐར་པ་ཆེ་ལང་ཙམ་ཞིག་བརྗོད་པར་བྱ་བ་ལ་གཉིས་ཏེ། སྔོན་བྱུང་བ་སྐུ་ཚེ་སྔམའི་ལོ་རྒྱུས་།