༄༅། །མཉམ་དུ་ཆུ་ཤུར་བརྒྱད་སྐྱིད་ཤོད་དུ་ཐེགས། གྲུ་འཛིན་གྱི་ཕོ་བྲང་ཆེན་པོར་འཛམ་གླིང་གཙུག་གི་ནོར་བུ་མཆོད་ཡོན་གྱི་མཇལ་ཕྱག་ཞུས་ཤིང་ཁྱད་པར་རྒྱལ་
མཚོག་དམ་པའི་ཞབས་དྲུང་དུ་བླ་མའི་རྣལ་འབྱོར་ཞིག་ཀྱང་གསན། ལྷ་སརམེས་རྩིས་རིག་པཚེནཔོགོང་གི་ཕྱག་ཐོསྒྲིགས་པར་བཞུགས་པའི་སར་ཡང་ཡང་ཕེབས་ཤིང་རྟེན་རྣམས་ཀྱི་
གཟུངས་པར་འདེབས་པ་སོགས་མཛད། ཕྱིར་ལམ་སྙེ་ཐང་འོར་མཇལ་ནས་ཚུ་ཤུར་བརྒྱུད་དར་གླིང་དུ་ཕེབས་ཏེ། ཟླ་བ་གཅིག་གི་བར་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་། །
དེནསཐུགས་སྲས་སྤྲུལ་པའི་སྐུ་དཔོན་སློབ་རྒམསསྤྱན་དྲངས་ཏེ་རྟེན་རྣམས་ལ་གཟུང་འབུལ་དང་། རབ་གནས་དགའ་སྟོན་རྒྱ་ཆེན་པོ་མཛད་ནས་ཐུགས་སས་སྤྲུལ་པའི་སྐུ་དང་པྟནདུ་གུརུ་
ལྷཁང་དུཐེགས། དར་གསུང་སྤྲུལ་རི་ན་པོཚེར་ཞབས་པད་བརྟན་པའི་གསོལ་འདེབས་དང་། ཀེའུ་ཚང་ཁྲ་མོ་སོགས་ནང་རྟེན་རྣམས་ཀྱང་མཇལ་བར་མཛད། ཡུམཕྱིར་ཐེགས་རྗེས་
དབུམཛད་དོནཡོད་དང་འཕྲིན་ལས་མཐར་ཕྱིན་གཉིས་ཞབས་ཕྱིར་བཟུང་སྟེ། གནས་དེར་སྤལུང་སྤྲུལ་སྐུ་དང་མཉམ་དུ་དཀྱིལ་འཁོར་བྲི་ཐིག་སྦྱོང་བར་མཛད་པས་མིརིང་བར་སྐུ་ཟླའི་།