༄༅། །བརམརྫད་ཅིང་། གམགྲོན་ཁང་དང་སྐུ་དྲུང་གཉིས་ཀར་བཞུགས་སྟནམཐོ་བ་དང་སྟོནམོགནང་སྦྱིན་སོགས་རྒྱས་པར་བསྟབས། མངའ་ཐང་དཔེ་བྲལ་གྱིམཐུ་
ལས་བྱང་བའི་ལྷ་ཁང་ཐམས་ཅད་ཞི་བ་མཇལ་གྱིས་དག་སྣང་སྦྱོང་བར་མཛདབཉེརདྲུག་ལ་གསང་སྔགས་གླིང་དུ་སྔགས་འཚང་རྣམས་ཀྱིས་འཛམས་རོལ་གྱི་བཀོད་པ་རྒྱས་པས་སྤྱན་།
དྲངས་ཏེ་ཞག་གསུམ་བཞུགས་པར་བསྙེན་བཀུར་ཕུན་སུམ་ཚོགས་པས་མཚོད་ཅིང་། ཚོག་དང་འབྲེལ་བའི་བརྟན་བཞུགས་དང་། འབུལྲཔ་གྱ་ནོམ་པ་ཕུལ་ཞིང་། ཚེ་དཔགམེད་དང་།
གུར་དྲག་གི་དབང་སོགས་སྩལ། དེར་བསམ་གྲུབ་ཆོས་སྡིངས་བླ་མ་ཡང་མཇལ་དུ་བྱུང་ཞིང་། ཟལ་མོ་བྲགའཇམ་མགོན་སྤྲུལ་སྐུ་གཤེགས་པའི་བསྔོ་རྟེན་འབུལ་མི་ཡང་བྱུང་། །
ལ་ཐོག་བར་བླ་མ་ཡབ་སྲས་ཀྱིཚིབས་སྐྱེལ་དང་བཅས་ཏེ་དེ་ནུབ་པ་རྣམ་ཀླུ་ཁང་དུ་བཞུགས་། རྫོང་དཔོན་འཕན་པོ་ལྕང་རྒྱབ་པས་གསོལ་ཚས་སྤོམ་འབུལ་དང་བཅས་མཇལ་དུ་བྱུང་། །
། དེའི་སང་ནུབ་འབྲོང་རྩེར་སྤྱན་དྲངས་ཏེ། བྱ་ལྕམ་ཡུམ་སྲས་སོགས་ལ་ཚེ་རྟ་ཕྱག་རྡོར་རྣམ་སྲས་ཀྱི་རྗེས་གནང་མཛད་། ཞག་གཉིས་བཞུགས་ཏེ་བསྙེན་བཀུར་འཁོས་སུ་ཕེབས་པ་།