༄༅། །བསྐྱོད་པའི་ཕེབས་ལམ་དུ་ཆིབསབསུ་དང་གྲྭ་ཚང་གིསེར་སྦྲེངས་སོགས་ཀིས་རྡོང་རྩེར་སྤྱན་དྲངས་ཏེ་ཞག་གསུམ་བཞུགས་པར་ཞབས་ཏོག་ཕུན་སུམ་ཌོརྟོགས་པ་
བསྟབས། དེར་ཞབས་དྲུང་རྒྱལ་བུ་ཕྱགས་ཕྱིནང་འཁོར་བ་དང་བཅས་པར། ཐུགས་ཐིག་གི་དབང་ལུང་། ཚེ་རྟ་གུར་དྲག་། ཕྱག་རྡོར་རྣམས་ཀྱི་དབང་དང་བྱིན་རླབས་མཛད། །
ཉིནགཅིག་གྲྭཚངགི་བླ་བྲང་ནྲུའང་སྤྱན་དྲངས་ཤིང་བཀར་སྤྲོ་བཟང་པོ་ཞུས་པའི་ལན་དུ་ཕར་ཡང་མང་འགྱེད་སལ། །དཔོན་སློབ་རྣམས་ཀྱིས་འབུལ་བ་གྱ་ནོམ་པ་བསྟབས་པའི་སྐྱེསལན་།
ཀྱང་མཛད་ནས། ཞམམདའི་བར་དུ་ཆིབས་སྐྱེལ་དང་། དེར་གླིང་གི་ཐབ་བསུར་དྲུང་འཁོར་མང་པོ་མངའབྱོར། རིམ་པར་ཕོ་བྲང་གི་ཙེནས་བསངས་རོལ་དར་འཕྱར་དང་།
ཞབས་དྲུང་ཡབ་ཡུམ་སྲས་བཅས་ཀྱིས་ཞབས་བསུ་མཇལ་དར་དང་བཅས་པས་སྤྱན་དྲངས་ཏེ་ཕེབས་སྤྲོའི་སྟོནམོ་རྒྱས་པར་སྤྲོས། ཞག་བདུན་གྱི་བར་སྟན་འཇགས་རིངནར་མ་དང་དུས་ཀྱི་
སྟོན་མོའཕར་མ་བཅས་པའི་གཞིས་ལེན་ཕུན་སུམ་ཚོགས་པས་མཆོད་ཅིང་། ཞལ་ངོ་རྣམས་ལ་ཚེ་དབང་བརྒྱ་རྩ། རྟམགྲིན། དྲག•དམར། ཕྱག་རྡོར་སོགས་རྐྱེན་སེལ་གྱིདབང་།