གང་ཞིག་མཁའཁྱབ་བདེ་བར་གཤེགས་ཀུནགྱི། །ཕུལབྱུང་མཁྱེན་པས་གཞལ་དཀའི་ཡོན་ཏན་གཏེར། །སྙན་སྒྲོག་ཡིགེའི་དཔྱིད་དུ་འཕོས་པགྲང་བ། དེ་ཀུན་མགོནའདིའི་ཡོན་ཏན་།
བསྔགས་པར་ཟད། །འོང་ཀྱང་བདག་བློའི་བུ་གཆེས་ཕྲ་བར། །གང་གི་ཡོན་ཏན་འོད་དཀར་ཚ་ཤས་ཙམ། །ནུགས་པ་འདིསབཀྱང་མོས་དགེ་སྣང་བའི་སྐབས། །སྟེར་ཕྱིར་ཚུལ་འདི་
འདྲི་བ་སུ་ཡིས་འགོག །། དེ་སླད་ཉམ་ཆུང་སྦྲང་བུའི་འཕུར་རྩལ་གྱིས་། །དཔག་ཡས་ནམ་མཁའི་མཐའ་ཡངསའཚོལ་འདོད་བཞིན། །བློ་དམན་བདག་ཀྱང་རབ་གུས་དྭངས་བ་ཡིས། །
ངོ་མཚར་རྟོགས་བརྗོད་གཏམ་བཟང་དེང་འདིར་གླེང་བ། །དེ་ཡང་འདི་ལྟར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། ངོ་མཚར་ཆོ་
འཕྲུལརྨད་ཀྱི་ཚོས། གཞནནས་ཡོད་འོངས་མཡིན་ཏེ། །ཐབས་ལ་བརྟེནག་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་གཾ་། །ཞེས་པས་སམས་ཅན་གྱི་དུས་ནའཆིང་གྲོལ་མེད་པའི་།
གནས་ལུགས་སེམས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་མེད་སྣང་གློ་བུར་གྱི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་ཀྱིས་སྤངས་ཐོབ་མེད་པའི་རང་བཞིན་མངོན་དུ་མཛད་པ་ལས།