༄༅། །པར་དགེ་བའི་མཚན་མ་བཟང་པོ་གཟིགས་ཤིང་། གཞིས་ཁའི་ཡུམཆེན་མོའི་སྐུ་རིམ་ཇ་ཚུལ་གྱི་ཐེབས་བཟང་ཇ་འཁོར་དྲུག་མ་མང་བ་དང་། གོས་དར་གྱི་
འབུལབའང་རྒྱ་ཚེར་འབྱོར་ཞིང་། བདེ་ཉིད་དུ་སྟན་འཇགས་རིང་ཕྱོགས་འདུས་པ་གླིང་ཕྱག་མཛོདནང་སོ། ེསྣདཀར་རྩེནས་དཔོན་ཚང་འཇམ་དབྱངས། ཧོར་བླཚུང་ལ་སོགསཔ་སྔ་།
ཕྱི་ངེས་མེད་དུ་འབྱོར་བའི་མཇལ་མི་མཐའ་ཡས་པ་དང་། བདེ་སྐོར་གྱི་སྦྱིན་བདག་དགོན་པའི་གྲྭ་བཙུན་སོགས་ཆེ་ཕྲ་ཚང་མས་དད་གུས་ཤིན་ཏུ་ཆེ་བས་ཞབས་ནས་བཏེག་ཅིང་། །
ཚོས་འབྲེལ་དང་བྱིན་རླབས་བསྔོ་བ་སོགས་རྣམ་པར་དཀར་བའི་ཕྲིན་ལས་རྨད་དུ་བྱུང་བས་སོ་སོའི་རེ་འདོད་ཡོངས་སུ་ཚིམ་པའི་བཀའ་དྲིན་སྩལ། ཚེས་བཅུ་དགུ་ལ་གདན་ས་ཆེན་པོར་།
ཕྱིར་ཕེབས་ཏེ། ཉེར་གཅིག་གི་ཉིན་གཟའ་སྐར་དུས་སྦྱོར་ཕུན་སུམ་ཚོགས་པ་ལ་མགོནཁང་སྦུབ་ཏུ་མདོས་གཏོར་རྟེན་རྫས་རྣམསབལམངའ་གསོལ་གྱི་བསྐང་བ་དང་ཕྲིན་བཅོལ་རྒྱས་པར་།
གནང་། ཉེརགསུམ་ནས་བཟུང་མཚན་བརྒྱདགོས་སྐུའི་གོང་ཤམ་གྱིམཇུགསྐྱོང་རྣམས་བགྱིད་དུ་སྩལ་ནས་བདུན་ཕྲག་གཅིག་གི་བར་གོང་མའི་སྐུཚེའིསྒྲུབ་པ་སྨིན་རྒྱས་སུ་མཛད་ཅིང་།