www.dharmabook.ru




༄༅། གཤེགས་པའི་གཟུགས་སྐུར་གང་སྣང་བ། །ཡོན་ཏན་མཐའ་དག་རྫོགས་ལ་ཕྱག་འཚལ་བསྟོད། །བསྐལ་པ་གྲངས་མེད་འདས་པའི་སྔོན་རོལ་ནས། །སེམས་
ཅན་དོན་དུ་བྱངཚུབ་སེམསབསྐྱེད་དེ། །སྤྱོད་པས་གཞན་གྱི་དོན་ལ་རབ་བརྩོན་པ། །བླམེད་འབྲས་བུ་བརྙེས་ལ་ཕྱག་འཚལ་བསྟོད། །ཐབས་ཀྱི་སྤྱོད་པས་མཛད་པ་མཐར་ཕྱིནཅིང་། །
ཚོས་ཀྱི་འཁོར་ལོ་རྒྱ་ཚེན་ཡོངས་བསྐོར་ནས། །མྱ་ངན་འདས་པའི་ཚུལནིརབ་བསྟནཔ་། སྐུ་གདུང་བཞག་པ་དག་ལ་ཕྱག་འཚལ་བསྟོད་། །སྐུགདུང་ཕྲམོར་བསིལ་བའི་རིང་
བསྲེལ་སྣོད། །རྒྱུ་དང་འབྲས་བུར་བཅས་པཚོསཀྱིཚུལ། སེམས་ཅན་རྣམས་ཀྱི་མཚོད་པར་བྱ་བའི་ཏེན། །གཟུགས་བརྙན་ཉིད་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །སྔོནགྱིསྨོན་ལམ་
ཚེནཔོ་རྒྱུནམངའ་བས། །བྱངཚུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་ཏེ། །བང་རིམ་བུམ་པ་སྲོག་ཤིང་ཚུལྲབསྟན་པ། རྒྱུ་ཡིཆོས་སུ་བཞག་ལ་ཕྱག་འཚལ་བསྟོད་། །དེ་བཞིན་
གཤེགས་པའི་སྟོབས་བཅུ་མ་འདྲེསཆོས། །ཐུགསཇེཚེནཔོའིཚད་མེད་རབམངའ་བ། །འཁོར་ལོཚར་ཁེབས་ལྟ་བུའི་ཚུལ་བསྟན་པ། །འབྲས་བུའི་ཆོས་སུ་བཞག་ལ་ཕྱག་འཚལ་