www.dharmabook.ru





སྒྲིབ་པ་རྣམ་པར་སེལ་བ་དང་། འཇིག་རྡེནསྐོང་བའི་ལྷ་རྣམས་ལ་བཀའ་སྩལ་ཞིང་། སོ་སོནས་ཀྱང་ཇི་སྐད་གྲསོཔ་བ་ལས་བང་པའི་ཕན་ཡོན་ཐམས་ཅད་བདག་ཅག་དཔོན་སློབ་ཡོན་
མཆོད་འཁོར་དང་བཅས་པ་ལ་སོགས་ཏེ་སེམས་ཅན་གྱི་འཕྲལ་དུ་ཐོབ་པར་བྱིན་གྱིས་རླབས་པར་ཅི་གནང་། དེ་བཞིནགཤེགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་པས་ཇི་ལྟར་བཀའ་།
སྩལབ་བཞིན་དུ་བདེན་པ་མངོན་སུམ་དུ་བསྟན་པ་ཅི་གནང་། ཞེསལནགསུམ། ཡང་མཆོད་རྟེན་བརྒྱ་ཙབནྱདབཏབ་པ་དང་མཐུན་པར་འདི་སྐད་ཅེས། འཕགས་པའི་ཚོགས་ཐམས་ཅད་དགོངས་སུ་གསོལ་ལོ།
བདག་ཅག་རྣམས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་རྗེས་སུ་འཇུག་ཅིང་སློབ་སྟེ། སྲིད་པའི་མཚོ་ལས་འགྲོ་བ་རྣམས་བླ་ན་མེད་པའི་བདེ་བ་ལ་འགོད་པར་དམ་བཅས་ནས་དེང་
འདིར་མཆོད་པའི་ཚོགས་མཚོག་གིས་བརྒྱན་པའི་ཕོ་བྲང་གི་དཀྱིལ་འཁོར་བཤམས་ཏེ། བ་འཕགས་པ་རྣམས་གདན་འཛོམ་པར་སྤྱན་དྲངས་ནས། ཀུན་ནས་སྒོར་འཇུག་པའི་འོད་ཟེར་
གཙུག་ཏོར་དྲི་མ་མེད་པར་སྣང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་བལྟ་བ་ཞེས་བྱ་བའི་གཟུངས་བཀླག་ཅིང་། དེ་བཞིན་གཤེགས་པའིཚོས་ཀྱི་