www.dharmabook.ru





། ཞེས་རགས་པ་བཀོངོ་པ་དང་། རྩ་རྒྱུད་དུ་། འཁོར་ལོ་དྲུག་བརྩེགས་རྡོ་རྗེ་མུ་ཁྱུད་བདུན་དུ་འདོད་པའང་ཡོད་གསུངས་ཏེ། དེ་དག་སྔོན་གྱི་མཁས་པ་རྣམས་ཀྱིས་མ་བཀྲལ་བས་གྱ་
ཚོམས་སུ་བྱ་བར་རིགས་པ་མ་ཡིན་ནོ། །འདིར་ཐིག་གི་ཚ་གསུམ་ནང་མ་འཁོར་ལོ་དང་། ཕྱིམ་གཉིས་ཀ་བསྡོམས་ཏེ་ཚ་ལྔར་བགོས་པའི་ནང་མ་བཞིས་སྒོ་བརྒྱད་དང་། ཕྱིམས་ཕྱི་
སྒོར་འགྱུར་བའི་ཕྱག་ལེན་འདི་ནི་དཀྱིལ་འཁོར་ཆེ་ཆུང་གང་ལྟར་ཀྱང་སྦྱར་ཚོག་པས་བྱ་སླ་བའི་ཆེད་དེབགཞན་དུ་གནས་ཁང་ཡངས་པ་དང་། སྦྱིན་བདག་འབྱོར་པ་ཅན་གྱིས་དཀྱིལ་།
འཁོར་ཚེནཔོ་བཞེངས་པའི་ཚ་གསུམནང་མ་དང་། ཕོ་བྲང་བར་མས་སྒོཔརྒྱད་། ཕྱིམ་ཚ་གསུམ་གྱིནང་མ་ཁྱམས་དང་། ཕྱིམགཉིས་ལ་སྒོ་བཏོན་ཏེ། ཕྱི་རོལ་དུ་དེའི་སྒོཚད་དང་
མཉམ་པའི་རྟ་བབས་སོགས་བྱས་ན་རྭ་རྩེ་ནས་ཕྱི་རོལ་གྱི་ཁོར་ཡུག་བསྐོར་ཆོག་པ་སོགས་ལག་ལེན་དུ་བྱ་སླ་ཞིང་མརྡེས་པ་ཞིག་འབྱུང་ངོ་། །འོན་ཀྱང་དཀྱིཁྲ་འཁོར་ཚུང་ངུའིཆེ་ཚ་གསུམ་།
བར་མ་ལ་སྒོ་བརྒྱད་བརྩེགས་བྱ་དཀའ་བའི་གནསསུ་གྱུར་པས་འདིར་མ་བྲིས་སོ། །དོང་སྤྲགས་ཀྱི་པདྨ་བརྒྱའི་འགོད་ལུགས་ནི། བརྒྱད་ལྡན་ལས་རིམ་ལས། མུ་ཁྱུད་དྲུག་སྐོར་རིམ་།