www.dharmabook.ru





རབ་དབྱེལས་ཀྱང་། མདོ་དང་སྔགས་ཀྱི་ཁྱད་པར་ནི། ཆོ་གའི་བྱ་བ་ཡོད་མེད་ཡིན། །ཞེས་པའང་དོན་འདི་ལ་དགོངས་པར་སྣང་ངོ་། །འོནཕ་རོཡོ་ཏུ་ཕྱིན་པའི་ཚུལ་ལས་སྔགས་ཀྱི་
ཚུལ་གང་གིས་ཁྱད་པར་དུ་འཕགས་སྙམ་ན། དོན་གསུམ་གྱི་མདོ་ལས། སྔགས་མཆོག་ཏུ་གྱུར་པ་སྟེ། གསུམགང་ཞེན། མྱུར་བ་དང་གབདེ་བ་དང་། ཐབས་ལ་མཁས་པའི།
ཁྱད་པར་རོ། །དེ་ལ་མྱུར་བནི་། ཕར་ཕྱིནཐེག་པས་རང་ལམ་གྱི་བྱང་ཆུབ་ཐོབ་པ་ལ་བསྐྲལ་པ་གྲངས་མེད་ཐོག་མོད། སགས་ལས་ནི། ཀྲི་ཡས་མི་ཚེ་བདུན་ནམ་བསྐལ་པ་བརྒྱད། །
ཨུ་པ་ཡས་མིཚེ་ལྔའམ་བསྐལྲ་པ་གཅིགྲ་གམ་གསུམ་། ཡོ་གས་ཚེ་ལོ་བརྒྱ་པའི་མིའི་སྐྱེ་བ་གསུམ་མམ་བཅུ་དྲུག །ཟླ་མེད་ཀྱིས་སྐྱེ་བ་འདིའམ་བར་དོར་བྱང་ཚུབ་ཐོབ་པར་གསུངས་།
ཤིང་། དེ་ལྟར་མྱུར་བའི་རྒྱུ་ཡངབ། སྔགས་སུནི། ཆོ་གའི་ཁྱད་པར་གྱིས་ལྷ་རྣམས་དངོས་སུ་མངོད་པ་ལེན་པ་དང་། སངས་རྒྱས་དང་བྱང་ཚུབ་སེམས་དཔའ་ཐམས་ཅད་ཀྱང་བླ་།
མའི་སྐ་ལ་ཞུགསནས་སྒྲབ་པ་པོའི་མཆོད་པ་ལེན་པ་ལ་སོགས་པས་ཡོངས་སུ་སྤྱད་པ་ལས་བྱུང་བའི་བསོད་ནམས་ཡོད་པ་དང་། སྔགས་དང་ཕྱག་རྒྱའི་མཐུས། །ཆུ་ཐིགས་རེ་ཡང་།