༄༅། བྱས་ན། བསྤྱི་མདོ་དགོངས་པ་འདུས་པ་ལས། ལངྐའི་བདག་པོ་གཞན་ཡང་གང་། །དོན་དམ་ངེས་པའི་ཐེག་པ་ནི། གསུམ་དུ་ངེས་པར་བསྟྲན་པ་
སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པ་འོག །། ཞེས་གསུམ་དུ་སྣང་བ་ལས། རེ་རེ་ལའང་གསུམ་གསུམ་དུ་ཕྱེ་བས་ཐེག་པ་དགུར་འགྱུར་ཏེ་ཀུན་། །
འབྱུང་འདྲེན་པའི་ཐེག་པ་ནི། ཉན་ཐོས། རང་རྒྱལ། བྱང་སེམས་ཏེ་མཚན་ཉིད་སྡེ་གསུམ་དང་། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ནི་ཀྲི་ཡ། ཨུ་པ་ཡ་། ཡོ་ག་སྟེ་ཕྱི་རྒྱུད་སྡེ་།
གསུམ་དང་། དབང་བསྒྱུར་ཐབས་ཀྱི་ཐེག་པ་ནི། བསྐྱེད་པ་མ་ཧཱ་ཡོ་གབ། །ལུང་ཨནུཡོག །མན་ངག་ཨ་ཏི་ཡོ་ག་སྟེ་ནང་རྒྱུད་སྡེ་གསུམ་རྣམས་སུ་དབྱེར་ཡོད་ཅིང་། གསུམ་མམ།
དགུར་ཕྱེ་བ་དེ་ཡང་བསྡུ་ན། ཀུན་བྱེད་རྒྱལ་པོ་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་སྔགསར་ཀྱི་ཐེག་པའོ། བཞེས་པས་རྒྱུ་ཕ་རལྲ་དུ་།
ཕྱིན་པའི་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་འདུ་ཞིང་། དེ་གཉིས་ཁྱད་པར་མི། ལྔགས་དང་སྦྱོར་བའི་བྱ་བ་གཙོ་བོར་སྟོན་པ་དང་མི་སྟོན་པའི་ཁྱད་པར་ཏེ། །