༄༅། གང་དགམངོན་པའི་སྡེ་སྣོདབལ་ཕྱིནབང་གཉིས་ལས་སྔགས་ནི་ནང་གི་མངོན་པའོ། །ཞེས་བཞེད་པ་དང་། ཟབ་མོའི་དོན་མདོར་བསྡུས་ཏེ་སྟོན་པས་ན་མདོ་སྡེའོ་
ཞེས་བཞེད་པའང་ཡོད་མོད། རང་ལུགས་ནི་རིག་པ་འརཱིན་པའི་སྡེ་སྣོད་ཅེས། སྡེ་སྣོད་གསུམ་ལས་ལེགས་པར་རྐང་ཐུབ་པ་གཅིག་ཏུ་བྱས་ཏེ། སྡེསྣོད་བཞི་པར་བཞག་ན་ལེགས་པར་
མངོནནོ། །དེལྟར་ཡང་། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། འདོད་ཚགས་འདུལ་བའི་གཉེན་པོར་གསུངས་པ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲིཚིགསྟོང་གསུངས། །ཞེ་སྡང་འདུལ་།
པའི་གཉེན་པོར་གསུངས་པ་ནི། །མདོ་སྡེའིསྡེསྣྲོད་ཉིཁྲིཚིགསྟོངགསུང་། །། གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲིཚིག་སྟོངགསུངས། །ཐམས་
ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། །སྡེསྣོད་བཞིཔཉིཁྲིཚིག་སྟོངགསུངས། །།། ཞེས་དང་། དཔུང་བཟང་གིས་ཞུས་པ་ལས་ཀྱང་། བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །
རིག་འཛིན་སྡེ་སྣོད་དུ་ནི་རྒྱལ་བས་གསུངས། ཞེས་དང་། སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་རྣམ་འཇོམས་ཀྱི་གཟུངས་འགྲེལ་ལས། སངས་རྒྱསམཚོག་གིས་ཚོས་