སྐབས་སུ་བབ་པ་ཡིན། དེ་ལའང་ཐོག་མར་ངེས་ཤེས་འདྲེན་པ་བླ་མ་བརྒྱུད་པའི་ལོ་གས་ཀྱི་དབང་དུ་བྱས་ན། བཤད་རྒྱུད་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་
པ། །དགོངས་པ་རིག་པ་རྣ་བར་བརྒྱུདབ། །ཅེས་གསུངས་པ་ལྟར་གསུམ་ལས། དང་པོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་སྟོན་པ་རིགས་དྲུག་པ་བཅོམ་ལྡན།
འདས་དཔལ་ཀུན་ཏུ་བཟང་པོས་འོག་མིནཚེནཔོའི་གནསསུབའཚདག་པའི་སྐྱེས་བུ་དེ་བཞིན་གཤེགས་པ་ལྔ་ཡང་རྣམ་པར་སྣང་བར་མཛད་ནས། རྡོ་རྗེ་གསང་བ་ལ་སོགས་པ་རིག་པཁྱད་།
། པར་ཅན་གྱི་འཁོར་རྣམས་ལ་རྒྱུད་ཀྱི་རྒྱལ་པོ་ཉིད་དགོངས་བརྡའི་གསུང་གིས། དུས་རྟག་པ་རྒྱུན་གྱི་འཁོར་ལོར་སྟོན་པ་ནི་རྒྱལ་བ་དགོངས་བརྒྱུད་དོ། །རྒྱལ་སྲས་སེམས་དཔའི་འཁོར་གྱི།
ནངནསག་རིགས་གསུམ་མགོན་པོས་ལྷ་ཀླུ་གནོད་སྦྱིན་གྱི་གནས་སུ་བཤད་ནས་དར་བ་དང་། བ་ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན། ལངྐའིཡུལ་ཏེ་སིངྒལའི།
གླིང་གི་རི་བོ་མ་ལ་ཡའམ་དེང་སང་སུ་མ་ན་ཀུ་ཊའི་རི་ཞེས་གྲགས་པའི་རྩེ་མོར་གསང་བདག་གིས། དམ་པའི་རིགས་ཅན་དྲྭ་མ་ལྔ་ལ་བཤད་པ་རྣམས་ནི་རིག་འརྡིནབརྡ་བརྒྱད་དོ། །དེནས།