www.dharmabook.ru tibetan OCR



གངས་ལ་ཐུག མི་རྒྱུད་ལྷ་ལ་ཐུག ཆོས་རྒྱུད་སངས་རྒྱས་ལ་ཐུག་ཅེས་གསུངས་པ་ལྟར་
མི་
རྒྱུད་ནི་འོད་གསལ་ལྷ་ལས་མཆེད་པར་མངོན་པའི་སྡེ་སྣོད་ལས་གསུངས་པ་ནི་སྤྱ་ལ་
ཁྱབ་པ་དང་།
བྲེ་བྲག་བྱ་བ་དང་སྤྱོད་པ་ཐ་དད་ཅིང་མཆོག་དམན་གྱི་དབང་གིས་རྒྱལ་
རིགས་རྗེ་རིགས་བྲམ་ཟིའི་རིགས་ད མང ས་རིགས་བ ཞིའི་སྒོ་ནས་རིགས་སོ་སོར་འབྲེད་པ་
ང་། ཁ་སྐད་ཡི་གེ་གོམས་སྲོལ་གནས་ཡུལ་བ ཞི་མཐུན་པ་དང་།མི་མཐུན་པའི་
དབང་གིས་
རིགས་སོ་སོར་མིང་འདོགས་པ་ད ང་། རང་ཙག་གནས་པའི་རྒྱལ་ཁམས་
འདིར་
རྒྱ་བོད་ཧོར་སོག་གི་རིགས་ཞེས་གཙོ་བོ་གནས་དང་བསམ་པའི་འཁྱེར་སོ་སྟེང་
ནས་རིགས་
སོ་སོར་འབྲེད་པ་དང་། རྒྱ་ལ་ཡང་སྐྲ་དང་སྨ་ར་དང་གོས་ཀྱི་ཁ་དོག་གི་
བང་གིས་རྒྱ་དཀར་བོ། རྒྱ་ནག་པོ། རྒྱ་སེར་བོ་ཞེས་རིགས་སོ་སོར་བ གྲང་བ་རྣམས་
ལས་བདག་གི་མེས་པོ་གོང་མ་རྣམས་ནི་རིགས་གཞན་གྱི་རྩི་དང་མ་འདེས་པའི་རྒྱ་ནག་གི་
རིག
ས་ཡིན་ ཞིང་། བདག་གི་ཕ་ནས་བཟུང་རྒྱ་བོད་ཀྱི་རིགས་འདེས་མ་ཅན་ དུ་གྱུར་
བར་མ་ཟད།
ང་རང་ནི་སྐད་ཡིག་གོམས་སྲོལ་གནས་ཡུལ་བཞིའི་སྒོ་ནས་རིགས་འབྲེད་
པའི་དབང་དུ་
བཏང་ན་བོད་ཀྱི་རིགས་སུ་གཏོགས་ཏེ་དེའི་ཚུལ་ནི་གཤམ་ནས་རིམ་གྱིས་
གསལ་བར་འགྱུར་ རོ། གཞན་ཡང་སུམ་བྷ་པཎྚི་ཏའི་ཆོས་འབྱུང་དཔག་ བསམ་ལྗོན་
བཟང་ལས། ཡུལ་ཡངས་དོག་དང་ས་འཇམ་རྩུབ་དང་བཟང་ངན་གྱིས་ཡུལ་དེའི་མིའི་
སེམས་ཡངས་དོག་ལུས་ས་སྙི་བཟང་ངན་འབྱུང་བར་མངོན་ཏེ། གངས་རིའི་ཁྲོད་ཀྱི་མི་
དཀར་
ཤམ་དང་འབིགས་བྲེད་ཀྱི་མི་སྔོ་བསང ས་སུ་ཡོད་པར་བ ཤད་པ་བ ཞིན་ནོ། ཞེས་
གསུངས་པ་ནི་གཙོ་བོ་
གནས་ཡུལ་གྱི་ད བང་གིས་རང་བ ཞིན་དང་ཤ་མདོག་མི་འདྲ་བ་
ཅན་དུ་
གྱུར་བའི་སྒོ་ནས་རིགས་ཐ་དད་པའི་འརྗོག་ཚུལ་ཏེ། ད་ལྟ་འཇིག་རྟེན་ཁམས་
ས་སུ་
ཤ་མདོག་སེར་བོ། སྨྱུག་པོ། དཀར་བོ། ནག་པོ། འདེས་མ་ཞེས་འབྲེད་པ་
དང་ཚུལ་མཚུངས་སོ།
ད་ནི་བདག་གི་མེས་པོ་གོང་མ་རྣམས་ཀྱི་མཆེད་ལུངས་དང་
རིགས་རུས་ཀྱི་འབྱུང་ལུངས་ ཅུང་ཟད་སྨོས་ན་འདི་ལྟར། མཆེད་ལུངས་ནི། ཤར་
ཕྱོགས་ཀ་
ཅུའི་གྲོང་ཁྱེར་ཆེན་པོའི་ནུབ་ངོས་ན་ཏ་གཡང་ཀྱ་ཟིར་བའི་གྲོང་སྡེར་མེས་པོ་
4

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*