www.dharmabook.ru tibetan OCR



ལེང་དུ་སླེབས་པ་ལ་ལ་ལྷ་བར་ཕྱིན། ར་མ་འདན་མ་ནས་ལག་ཏུ་ཐོབ་པའི་གཟིག་སྤགས་
ཤིན་ཏུ་ཆེ་བ་དེ་འཚམ་རྟགས་ལ་མི་འདོད་བཞིན་དུ་བྱིན་པར་མཆོད་པ་དང་སྤྱིན་པ་གང་
དུ་ཡང་མི་གཏོགས་པ་འདི་ལ་ཕྱིས་སུ་ཡང་ཕངས་སེམས་སྐྱེས་སོ།འགྲོས་ལེགས་པའི་
ཞོན་
རྟ་ཏོས་ནས་འཕྲལ་དུ་སླར་ལོག་སྟོན་ཀ་རེག་ལ་གཙོ་བོ་གོང་ས་རིན་པོ་ཆེས་བསྡུས་གྲྭ་
སྤྱོང་
བའི་ཞབས་འདེགས་ཅི་ལྕོགས་ཞུས། གོང་ས་རིན་པོ་ཆེར་ཕྱག་ལེན་དང་འདོན་པ་
བྱང་
བའི་དོན་དུ་ཟླ་བ་ཡར་མར་གྱི་ཚེས་བ ཅུ་ལ་ད པོན་སློབ་ལྷན་རྒྱས་ཀྱིས་འཇིགས་བྲེད་
བདག་
འཇུག་མ་ཆག་པར་བཞེས་རྒྱུ་དང་། འདི་ནས་བཟུང་སྒྲུབ་མཆོད་དང་ཁོ་མཇུག་
གི་
དབྱུ་གུའི་གཏོར་བསྔོས་རྒྱས་པ་སོགས་འདོན་པ་གང་ཡོད་ཀྱི་ད བུ་མཛད་བདག་གིས་
བྲེ
ད་རྒྱུར་བཀའ་གནང་ལྟར་དགའ་བ ཞིན་དུ་རྟ་དབྱངས་སོགས་ལ་སྦྱངས་པ་གང་ལེགས་
བྱས།
བདེ་མཆོག་ལ་ལྷ་རི་དགོན་པའི་གསུང་རྟ་ལྟར་དང་། དུས་འཁོར་ལ་བླ་བྲང་
བཀྲ་ཤིས་འཁྱིལ་བའི་
གསུང་རྟ་ལྟར་དང་། དྲུག་ཅུ་མ་དང་ཁྲོ་བ ཅུའི་གཏོར་ཟློག་སྐོར་
ལ་གྲུབ་
དབང་གོང་མའི་གསུང་རྟ་ཡོངས་འཛིན་རྒན་པ་ཚང་གི་དྲུང་ནས་སྔ་ཕྱིར་ཐུགས་
ཚིམ་
དེས་ཀྱི་བར་དུ་སྦྱངས། དེ་བཞིན་དུ་བླ་མཆོད་དང་སྨན་ཐུང་སོགས་མཆོད་པའི་
འདོན་
ཆ་དང་། བདེ་གསང་འཇིགས་གསུམ་གྱི་ཆོ་ག་བདག་འཇུག་ཚོགས་མཆོད་སྤྱིན་
སྲེག་དང་
བཙས་པ། ལམ་རིམ་ གྱི་ ཁྲིད་དང་བ ཤད་ལུང་སྐབས་ཀྱི་ལམ་རིམ་གསོལ་
འདེབས་ཀྱི་
འདོན་རྟ་དབྱངས་རྣམས་རྗེ་གསེར་ཁ ང་བ་ནས་བརྒྱུད་པའི་ཕྱག་ལེན་གང་
མཆིས་
ཟུར་མ་ཉམས་པར་སྦྱངས་ནས་ལག་ལེན་དུ་ཐེབས་པར་བྱས། ཡོངས་འཛིན་
རིན་པོ་ཆེའི་དྲུང་ནས་
སྔ་ཕྱི་འདིར་ལམ་རིམ་ཆེན་མོ་མཆན་བ ཞི་མའི་བཤད་ལུང་རྒྱས་པ་
དང་།
འཇམ་དཔལ་ཞི་དྲག་གི་སྲུང་བ་དང་མགོན་པོའི་གཏོར་སྒྲུབ་ཀྱི་ཁྲིད་བཅས་
དང་།
ཁོང་གི་མདུན་ནས།སེང་གེ་གཤོང་རྒྱ་ནག་པ་ཟིར་བ་སྨད་སོག་ས་ཆར་ཡུན་
རིང་
འཁྱམས་པ་ཞིག་གི་ངོར། གྲུབ་རྒྱལ་ཚེ་དབང་། རིག་བྲེད་མ། རྡོར་སེམས།
སྟག་ཕུའི་སྒྲོལ་མ། རྟ་མགྲིན། ཕྱུང་ཁྲ རྗ་ནག་ རྣམས་ཀྱི་ རྗེས་གནང་དང་།
རྡོར་སེམས་སྒོམ་ བཟླས་ཀྱི་ཁྲིད་བཅས་ལེགས་པར་ཐོབ།དབྱར་ཐོག་འདིར་ཤར་་
13

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*