www.dharmabook.ru tibetan OCR



གསུམ་པོ་རྣམས་ལ་སྦྱིན་པའོ། ནག་མོ་ཆེན་མོ་ནི་རྡོ་རྗེ་ཕག་མོའོ། བདེན་པས་
ཚ་ངས་པར་སྤྱད་པ་ཞེས་བྱ་བ་ནི་ཚངས་པར་སྤྱོད་པ་དང་ལྡན་པའོ། ཐོག་མཐའ་
ཞེས་བྱ་བ་ནི་དབུས་མེད་ན་ཐོག་མ་དང་ཐ་མ་མེད་པ་ཉིད་ཀྱིས་ན་ཐོག་མ་དང་དབུས་
དང་ཐ་མ་ར་བདག་ཉིད་དབང་དུ་གྱུར་པའོ། བཞད་པ་ཉིད་ཕྱག་རྒྱ་ཡིན་པས་ན་
རོལ་ཅིང་དགོད་པ་གོཙོ་བོར་གྱུར་པས་དགའ་བར་བྱེད་པ་སྟེ། ཕྱག་རྒྱ་དེས་ས་སོ།
ལྟ་བའི་སྙེམས་[༡]པ་ཡང་དག་པར་སྟོན་ཅིང་སྙེམས་[༢]པས་མཐོང་བ་ནི་སྙེམས་[༢]པའོ།
འདི་ལྟ་བུའི་ཁྱད་པར་དང་ལྡན་པའི་ལྷ་མོ་ནི་གྲགས་པ་དང་ལྡན་པར་འགྱུར་རོ།
འདིས་ཞེས་བྱ་བས་ནི་མོ་རྟགས་སུ་ཤེས་པར་བྱའོ། བཞད་པ་ནི་ཉེ་བར་མཚོན་པ་
ཙམ་སྟེ། རབ་ཏུ་དགའ་བའི་བདེ་བ་ཐམས་ཅད་ཀྱང་མཚན་མོའམ་ཉིན་མོ་བྱའོ་
ཞེས་བྱ་བར་སྦྱར་རོ། གཟུགས་དང་ལས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པ་པོས་
མཐོང་བ་དང་གྲུབ་པའི་ལྷ་མོ་རྣམས་སྔོན་མ་བྱུང་བའི་གཟུགས་དང་བྱ་བ་དག་སྟོན་
པར་བྱེད་དེ། དེའི་ལས་དང་ལས་ཀྱི་ལན་བསྟན་པ་ནི་གར་དང་ཞེས་བྱ་བ་ལ་
སོགས་པ་ཡིན་ཏེ་ལྷ་མོའི་བྱ་བའོ། རྡོ་རྗེ་ལ་ནི་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པ་
པོའི་བྱ་བའོ། དབུགས་འབྱིན་ཞེས་བྱ་བ་ནི་རྒྱུ་བ་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་
ཏོ༑ སྒེག་དང་ཞེས་བྱ་བ་ནི་གར་གྱི་ཁྱད་པར་ར་རོ། སྣ་ཚོགས་ཞེས་བྱ་བ་ནི་སྣ་
ཚོགས་ཀྱི་བདག་མོའོ། དང་[༤]པོར་ཞེས་བྱ་བ་ནི་སྒྲུབ་པའི་ལས་སོ། ཧ་ཧ་ཞེས་
བྱ་བ་ནི་གཞན་གྱི་ལས་ཏེ། སྔར་བཤད་པའི་རིམ་པ་དེ་ཉིད་ཀྱིས་བྱ་བའོ། ལྷག་
མ་ནི་གོ་སླའོ། ལེའུ་བཞི་བཅུ་གཉིས་པའོ།
བཞི་པོ་ཞེས་བྱ་བ་ནི་གནོད་མཛེས་ཀྱི་སྔགས་ཀྱིས་སོ། གིས་ཞེས་བྱ་བ་ལ་
སོགས་པས་མ་ཆོད་པ་འདི་རྣམས་ཤིན་ཏུ་གསང་བ་ཡིན་པར་བསྟན་ཏོ།་།སྙིམ་པ་
9

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*