www.dharmabook.ru tibetan OCR



ཐམས་ཅད་ཀྱིས་མཆོད་པར་བྱའོ། ནམ་མཁར་མཁའ་འགྲོ་མ་རྣམས་ཞེས་པ་ལ་
སོགས་པ་ནི་རིམ་པ་ཇི་ལྟ་བར་ཡེ་ཤེས་ཀྱི་འཁོར་ལོའི་ཁམས་གསུམ་པོ་དམ་ཚིག་གི་
འཁོར་ལོ་ལ་བཅུག་སྟེ་བཅིངས་ནས་དབང་དུ་བྱའོ། དེ་ནས་རང་གི་སྙིང་གའི་ས་
བོན་ལས་འོད་ཟེར་ཡང་དག་པར་སྤྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་
དག་པར་བསྐུལ་བ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་
བདག་ལ་དབང་བསྐུར་དུ་གསོལ་ཞེས་བསྐུལ་བས་བདག་ཉིད་ཆེན་པོའི་སངས་རྒྱས་
དེ་རྣམས་ཀྱི་འོད་ཟེར་སྤྲོས་པས་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་རིགས་ཀྱི་རྣལ་
འབྱོར་མ་རྣམས་སྤྲུལ་པ་ནམ་མཁའི་གཞིར་ཡོངས་སུ་གང་བས་བདུད་རྩི་ལྔ་ཡིས་
ཡོངས་སུ་གང་བའི་བུམ་པ་ཐོགས་ཏེ། མངོན་པར་བླུགས་པས་དབང་བསྐུར་བར་
བསམ་པར་བྱ་ཞིང་འདི་སྐད་བརྗོད་དོ། དབང་བསྐུར་ཆེན་པོའི་རྡོ་རྗེ་ལ།
ཁམས་གསུམ་གྱིས་ནི་ཕྱག་བྱས་པ། གསང་གསུམ་བཞི་ལས་བྱུང་[༡]བ་ཉིད།
སངས་རྒྱས་ཀུན་གྱིས་བདག་ལ་སྩོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་[༥]ས་མ་ཡ་
ཤྲི་ཡེ་ཧཱུཾཾ་ཞེས་པ་སྟེ། དབང་བསྐུར་བའི་རྗེས་སུ་སེམས་ཀྱིས་དབུ་རྒྱན་བྱས་པ་ར་
བསྒོམ་མོ། མཁའ་འགྲོ་མ་ལ་སོགས་པ་རྣམས་ལ་ནི་རྣམ་པར་སྣང་མཛད་ལ་སོགས་
པ་བཞིས་དབུ་བརྒྱན་[༢]ནོ། འཁོར་ལོ་གསུམ་ལ་ནི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་
ོསོ༑ ཁྭ་གོདོང་མ་ལ་སོགས་པ་ཕྱོགས་མཚམས་ན་གནས་པ་རྣམས་ལའང་རྣམ་པར་
སྣང་མཛད་ལ་སོགས་པས་རྒྱས་གདབ་པའོ། ཆོ་ག་ཇི་ལྟ་བ་བཞིན་དུ་ཡི་གེ་ཧཱུཾཾ་གིས་
རྡོ་རྗེར་[༤]སྤྲུལ་ལ་ལོ། ཡི་གེ་ཨེས་ནི་ལྷ་མོའི་པདྨ་འདབ་མ་གསུམ་པར་རོ། ཡི་གི་
ཨས་ནི་གི་ས་ར་རོ། ཡི་གེ་བཾ་གྱིས་ནི་ལྟེ་བར་རྣམ་པར་བསྒོམ་མ་མོ། དེ་ནས་རྡོ་རྗེ་
ལྕགས་ཀྱུ་ལྟ་བུའི་འོད་ཟེར་སྤྲོས་པས་རྒྱལ་བའི་ཚོགས་རྣམས་བཀུག་སྟེ་པདྨའི་སྣ་རྩེར་
ཁ་ཕྱེ་ལ་རྗེས་སུ་ཆགས་པས་བྱང་ཆུབ་ཀྱི་སེམས་འཐུངས་[༥]པས་བཟི་བར་བྱའོ། ཨོཾ་
9201

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*